2017ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞུང་གྲུ་གཏོང་བའི་འགྲན་བསྡུར་ཀླུང་གཙང་པོ་རུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-20


        ཟླ་6ཚེས་16ཉིན། 2017ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞུང་གྲུ་གཏོང་བའི་འགྲན་བསྡུར་སྐབས་དང་པོ་ཡར་ཀླུང་གཙང་པོ་རུ་སྤེལ་བ་དང། ཀྲུང་གོ་དང་བལ་ཡུལ་ནས་ཡོང་བའི་ལུས་རྩལ་པ་27འགྲན་བསྡུར་ལ་ཞུགས་པ་རེད།

        ཐེངས་འདིའི་གཞུང་གྲུ་གཏོང་བའི་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་སྐྱོང་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་སྙེ་མོང་རྫོང་སྲིད་གཞུང་སོགས་ཀྱིས་རོགས་སྐྱོར་བྱས་ཏེ། ཉིན་2རིང་ལ་འགྲན་བསྡུར་བྱས་པ་རེད།

        ཡར་ཀླུང་གཙང་པོ་ནི་ཀྲུང་གོའི་ཆེས་རིང་བའི་མཐོ་སྒང་གི་ཆུ་བོ་ཡིན་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་སུ་གནས་ཤིང་། རྒྱ་གར་བརྒྱུད་ནས་འབར་མ་རུ་རྒྱུ་ཞིང་མཐར་ཧུན་རྡུ་རྒྱ་མཚོའི་ནང་དུ་བཞུར་གྱི་ཡོད་པ་རེད། ཐེངས་འདིའི་འགྲན་བསྡུར་གྱི་ལམ་ཐག་ཁྱོན་ཡོངས་ལ་སྤྱི་ལེ་5ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་སྐབས་དང་པོའི་ཆུ་ཐོག་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཧུའུ་པིན་གྱིས"ཀྲུང་གོའི་ཆུའི་ཐོན་ཁུངས་འཛོམས་ཤོས་ཡིན་པའི་བོད་དུ་ཆུ་ཐོག་ལུས་རྩལ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་གཞི་རྩའི་ཆ་རྐྱེན་ལྡན་ཡོད"ཅེས་བརྗོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1