དཀར་མཛེས་ཁུལ་གྱིས་གཅིག་བསྡུས་སྒོས་འཆམ་མཐུན་གྲོང་སྡེར་བསྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-22


        སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་ཀ་ལེགས་པོར་བསྒྲུབ་པ་དང་། ཞིང་ཆེན་དང་ཁུལ་གྱི་རིམ་པ་ཁག་གི་ཇུས་ཆོད་བཀོད་སྒྲིག་དོན་དངོས་དང་མཐུན་པར་ལག་བསྟར་བྱེད་པར་སྐུལ་འདེད་གཏང་ཆེད། དཀར་མཛེས་ཁུལ་གྱིས་ཟླ་6པའི་ཚེས་14ཉིན་འཆམ་མཐུན་གྲོང་སྡེར་བསྐྱོད་པ་ཞེས་པའི་གཞི་རིམ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཞིང་། གཅིག་བསྡུས་སྒོས་ཟླ་གཅིག་གི་རིང་ལ་ཡུལ་ཤོག་དང་གྲོང་རྡལ། དགོན་སྡེ་བཅས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་སོ་སོ་དང་མང་ཚོགས་སོ་སོས་ཚོགས་ཆེན་གྱི་དགོངས་དོན་རྒྱུས་ལོན་པར་འགན་སྲུང་བྱས། 
        རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་སི་ཁྲོན་དཀར་མཛེས་ཀྱི་དར་མདོ་དང་ལྕགས་ཟམ་ཁ། སྡེ་རོང་། ཕྱག་ཕྲེང་། འདབ་པ་རྫོང་། རྟའུ་རྫོང་། བྲག་འགོ་རྫོང་། སེར་ཤུལ་རྫོང་། བརྒྱད་ཟིལ་རྫོང་བཅས་རྫོང(གྲོང་ཁྱེར)དགུ་དང་གྲོང་རྡལ་63 དགོན་སྡེ་18བཅས་སུ་གཞི་རིམ་སྒྲོག་འགྲེལ་ཐེངས་81ལ་སྤེལ་བ་དང་། མང་ཚོགས་དང་གྲྭ་བཙུན་22000ལྷག་ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཤིང་སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་དང་ཞིང་འབྲོག་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1