ཞི་ཅིན་ཕིང་གིས་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 06-27
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་ཉི་ཤུ་ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་དངོས་མང་རྟེན་མཛོད་ཁང་དུ་ཕེབས་ནས། ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲིང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་ཀྱང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་གནང་བ་རེད།
ཞི་ཅིན་ཕིང་གིས་ང་ཚོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་ནས་ཞང་ཀང་གི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། རྒྱ་ཆེའི་ཞང་ཀང་སྤུན་ཟླས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་སེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱ་དགོས་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ཞང་ཀང་དུ་ལག་ལེན་བྱེད་པར་སྐུལ་འདེད་བཏང་ནས། ཞང་ཀང་གི་ཡུན་རིང་དར་རྒྱས་བརྟན་འཇགས་སྲུང་འཛིན་དང་ཞང་ཀང་གི་སྔར་ལས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་གསུངས།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1