བརྒྱད་ཟིལ་རྫོང་གི་སྤུས་ལེགས་བོད་ཇས་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱས་པ།
ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27
ཉེ་ཆར། ཀྲུང་གོའི་ཇ་སྟོན་ཏེ་སྐབས་དྲུག་པའི་ཀྲུང་གོའི་སི་ཁྲོན་གྱི་རྒྱལ་སྤྱིའི་ཇའི་ཐོན་ལས་དངོས་མང་འགྲེམ་ཚོགས་ཁྲེན་ཏུའུ་རུ་འཚོགས་ཤིང། འགྲེམ་སྟོན་ཐོག་བརྒྱད་ཟིལ་རྫོང་སྐྱེ་ཁམས་རྣལ་མའི་ཇའི་ཐོན་ལས་ཚད་ཡོད་ཀུང་སིའི་ཇའི་ཐོན་རྫས་ལ་གདེང་འཇོག་ལེགས་པོ་ཐོབ།
བྱ་འགུལ་གྱི་ཡུལ་དངོས་སུ། ཁེ་ལས་འགན་ཁུར་པ་དང་ཆེད་མཁས་པས་འགྲེལ་བཤད་བྱེད་པ་དང་དྲིལ་བསྒྲགས་བརྙན་ཐུང་བསྟན་ཞིང་། ཚོང་པ་དང་འཛད་སྤྱོད་པས་བརྒྱད་ཟིལ་རྫོང་གི་རྣམ་པ་གསར་པའི་ཇ་ལོར་ངོས་ཟིན་པ་མ་ཟད། དཀར་མཛེས་ཁུལ་གྱི་མཛེས་སྡུག་ལྡན་པའི་མཐོ་སྒང་གི་ཡུལ་ལྗོངས་དང་རང་བྱུང་གི་རྒྱུ་ཆ་ཕུན་སུམ་ཚོགས་པ། རྫོང་སྟུག་པའི་ཡུལ་སྲོལ་གོམས་གཤིས་དང་མཐོ་སྒང་གི་ཇའི་རྒྱུ་སྤུས་ལེགས་པོ་བཟོ་བའི་ལས་སྒྲུབ་པ་སོགས་ལའང་ངོས་འཛིན་གསར་པ་ཞིག་ཡོད་པར་གྱུར་བ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1