ལི་ཐང་རྫོང་གིས་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དུས་ཆེན་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-07


        སྤྱི་ཟླ་7པའི་ཚེས་5ཉིན།  སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དུས་ཆེན་ལ་ཞུགས་པའི་སྙན་ངག་པ་དང་རྩོམ་པ་པོ།  བོད་ཡིག་རྩོམ་འབྲི་ལ་དགའ་བའི་མི་སྣ་40ལྷག་འབུམ་ཡག་རྩྭ་ཐང་དུ་ལྷན་འཛོམས་བྱུང་། 

       ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་རིག་གནས་དར་རྒྱས་ཆེ་བའི་ཁུལ་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་འཐབ་ཇུས་ལག་བསྟར་བྱ་ཆེད།  ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དུས་ཆེན་དེ་དཀར་མཛེས་ཁུལ་གྱི་སྐད་གྲགས་ཆེ་བའི་རིག་གནས་ཀྱི་རྟགས་མཚན་གྲགས་ཆེན་ཞིག་ཏུ་བཞེངས་བསྐྲུན་བྱས་ཏེ་བོད་ཀྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས། ཁུལ་ཡོངས་ཀྱི་རིག་གནས་ཀྱི་སྟོབས་ཤུགས་མཐོར་འདེགས་སུ་བཏང་བར་མ་ཟད། ལི་ཐང་རྫོང་གི་ཤུགས་རྐྱེན་དང་མིང་གྲགས་རྒྱ་ཁྱབ་ཏུ་བཏང་། མགུར་གླུའི་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པའི་ནང་གསེས་ཤིག་ཡིན་པའི་ཆ་ནས་ལི་ཐང་རྫོང་གིས་སྙན་ངག་པ་དང་རྩོམ་པ་པོ་མང་པོ་གདན་ཞུས་བྱས་ཏེ།  དུས་ཡུན་ཉིན་གཉིས་ཀྱི་རིང་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དུས་ཆེན་གྱི་རྩོམ་བསྡུའི་བྱེད་སྒོར་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1