ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྐྱེས་ཁམས་ཁོར་སྲུང་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཞི་ཁྲང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-26


        ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞི་ཁྲང་དུ་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་དེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྐྱེས་ཁམས་ཁོར་སྲུང་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་། 
        བཞུགས་མོལ་ཚོགས་འདུའི་སྟེང་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིངས་ཧྲན་ཁུལ་བཅས་ཀྱི་ཏང་ཨུའི་གཙོ་འགན་བཞེས་པའི་བློ་མཐུན་དག་གིས་བརྗོད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ། གཏམ་བཤད་ལ་གསན་རྗེས། ཝང་ཏུང་མིང་གིས་རང་ཞིང་གི་མི་རིགས་ས་ཁུལ་གྱི་སྐྱེས་ཁམས་ཁོར་སྲུང་དང་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”“གསར་སྤེལ་ཆེན་པོ་མི་བྱེད་པར།  མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད། ”སོགས་ཀྱི་བསམ་བློ་གལ་ཆེན་ལག་བསྟར་བྱས་པའི་ཞིབ་ཕྲའི་བྱ་སྤྱོད་དང་། མི་རིགས་ས་ཁུལ་ལ་དམིགས་བཙུགས་ནས་དོན་དངོས་དང་མཐུན་པར་བློ་བརྟན་འགྱུར་མེད་སྒོས་སྐྱེས་ཁམས་གཙོ་བོ་ཡིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་ངེས་དགོས་ཀྱི་བླང་བྱ། གཏིང་ཟབ་པའི་སྒོ་ནས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གྱི་གལ་ཆེའི་དམ་འཛིན་བྱ་ཡུལ། མི་རིགས་སོ་སོའི་བརྗེ་རེས་མཐུན་སྦྱོར་དང་མི་རིགས་ས་ཁུལ་གྱི་དར་སྤེལ། འཆམ་མཐུན་བརྟན་བརླིང་། ཡུན་རིང་བདེ་འགོད་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཡིན་པས་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1