དཀར་མཛེས་རྫོང་གིས་ཐུམ་འབུའི་ནད་ཀྱི་བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ སྤེལ་དུས། 07-27


        ཉེ་ལམ། དཀར་མཛེས་རྫོང་ཐུམ་འབུའི་ནད་སྔོན་འགོག་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ་ཁུལ་མི་དམངས་སྨན་ཁང་དང་མཐུན་སྦྱོར་བྱས་ཤིང་། རྫོང་འཕྲོད་བསྟེན་བུ་བཙའ་ཅུས་དང་ཡུལ་ཤོག(གྲོང་རྡལ།)གི་ཏང་ཨུའི་སྲིད་གཞུང་དང་འཕྲོད་བསྟེན་སྡེ་ཁག་བཅས་རྩ་འཛུགས་བྱས་ནས་དུས་ཡུན་གསུམ་གྱི་རིང་ལ་ཁུལ་དང་རྫོང་། ཡུལ་ཤོག་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་སྒོས་ཐུམ་འབུའི་ནད་ཀྱི་བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ། བྱེད་སྒོའི་སྟེང་བོད་སྐད་ཀྱི་དྲིལ་བསྒྲགས་བརྙན་རིས་ལ་བརྟེན་ནས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་དང་ཁྱབ་ཡམས་ཀྱི་བརྒྱུད་ལམ། འགོག་བཅོས་ཀྱི་བྱེད་ཐབས། མྱུར་སྐྱོབ་ཀྱི་སྲིད་ཇུས་སོགས་ཀྱི་ཤེས་བྱ་ཁྱབ་བརྡལ་དུ་བཏང་།

        བྱེད་སྒོའི་ཁྲོད་རོང་འབྲོག་མང་ཚོགས་2000ལྷག་ལ་ཐུམ་འབུའི་ནད་དང་འབྲེལ་བའི་ཤེས་བྱ་བརྒྱུད་སྒྲོག་བྱས་ཤིང་ཤེས་བྱ་དྲིལ་སྒྲོག་གི་ཡིག་བྱ་2000དང་བདེ་སྲུང་ཁུག་མ་1000ལྷག་བཀྲམ། གཞན་གཤག་བཅོས་བྱ་དགོས་པའི་ནད་པ་60ལ་གཤག་བཅོས་སྔོན་གྱི་འབྲེལ་ཡོད་ལས་ཀ་ཞིབ་ཚགས་སྒོས་བསྒྲུབས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1