ཟླ་7ཚེས་25ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི“མི་རིགས་ཀྱི་ཤུལ་བཞག དཔེ་ཀློག་ཀྲུང་གོ—ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྩ་ཆེན་དང་སྲུང་སྐྱོབ་གྲུབ་འབྲས་འགྲེམས་སྟོན”པེ་ཅིང་རྒྱལ་ཁབ་རྟེན་རྫས་བཤམས་སྟོན་ཁང་དུ་འགྲེམས་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་དུ་ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྣམ་བཤད་དང་། མི་རིགས་ཀྱི་ཤུལ་བཞག་རྩ་ཆེན། གཅིག་རྒྱུད་གཅིག་འཛིན། དཔེ་ཀློག་ཀྲུང་གོ སྲུང་སྐྱོང་ལས་ཀའི་རགས་བཤད་བཅས་ཁྱོན་ཁག་ལྔ་ལ་ཕྱེ་ཡོད་ཅིང་། ད་ཡོད་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་ཚབ་མཚོན་རང་བཞིན་དང་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པའི་རྩ་ཆེའི་མ་དཔེ་178དང་། དེ་བཞིན་ཞིང་ཆེན་དང་། གྲོང་ཁྱེར། ཆུས་ཁག་གཅིག་གིས་ལོ་30ཡི་རིང་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དེབ་1000ལེགས་བཏུས་བྱས་ཡོད་པས། ལྟད་མོ་བ་ཚོས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེར་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་པ་རེད།།