སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་དཔེ་ཚོགས་པར་སྐྲུན་བྱས་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-28


        སྤྱི་ཟླ་7པའི་ཚེས་17ཉིན།  གསར་འགོད་པས་སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་བྱེད་པའི་སློབ་དེབ་མི་དམངས་ལ་སྦྱིན་པའི་བྱེད་སྒོའི་ཐོག   སློབ་དེབ་ཁྲི་2ལྷག་རྔ་བ་ཁུལ་གྱི་གྲོང་པ་1362ཀྱི་དུད་ཚང་གི་དཔེ་ཁང་དང་ཞིང་པའི་མཚན་མོའི་སློབ་གྲྭ་རུ་བསྐྱལ་བ་རེད།  རྔ་བ་ཁུལ་ཞིང་ལས་ངལ་རྩོལ་གཞུང་ལས་ཁང་གི་ལས་བྱེད་པ་མེ་ཏོག་གིས།  ཐེངས་འདིའི་བྱེད་སྒོས་ཞིང་འབྲོག་མང་ཚོགས་ཀྱིས་རང་འགུལ་གྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་རུ་བསྒྱུར་བ།  རང་བརྟེན་ནུས་པ་ཆེ་རུ་གཏོང་བ་དང་ལས་ཞུགས་དང་ལས་སྲོལ་འབྱེད་པའི་ལམ་བུ་ཆེ་རུ་གཏོང་བ།  ཡོང་བབས་མཐོར་འདེགས་བྱུང་ནས་ཕྱུག་པོ་འགྱུར་བ་མངོན་འགྱུར་དང་ཐེངས་རྗེས་མར་ད་དུང་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས།  དེ་དང་དུས་མཚུངས་སུ་དཔེ་ཆའི་ནང་དོན་ཕུན་སུམ་ཚོགས་པ་ཡོང་ཆེད། རྔ་བ་ཁུལ་གྱིས་ལེགས་སྒྲིག་ནུས་པ་སྔོག་འདོན་ལེགས་པོ་བྱས་པ་དང《བོད་ཀྱི་ཚེམ་དྲུབ།》དང《བོད་ཀྱི་གྱོན་གོས་ལས་སྲོལ།》            《ཆའང་རིགས་ཀྱི་གྱོན་གོས་ཚེམས་བཟོ། 》སོགས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གསོ་སྦྱོང་སློབ་དེབ་རྩོམ་སྒྲིག་བྱས་པ་དང་།  འབད་པ་ཆེན་པོས་རྔ་བའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་ལས་ཀའི་ཚོང་རྟགས་གསོ་སྐྱོང་དང་ལས་ཀ་གསར་སྤེལ་བྱེད་པའི་འགྲན་རྩོད་ལེགས་ཆ་མཐོ་རུ་བཏང་བ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1