1.ཚ་ལུ་མ་གསར་བའི་ཕྱི་ཤུན་དང་སྒ་སྐྱ། དེའི་སྟེང་ལ་ཀ་ར་ནག་པོ་འོས་འཚམ་བཏབ་ནས་ཆུ་ནང་བསྐོལ་ཏེ་འཐུང་ན། དྲོས་འཁྱག་ཆམ་ནད་དང་སྐྱུག་མེར་ལངས་པ། གློ་ལུ་བ་སོགས་གསོ་བཅོས་བྱེད་ཐུབ།
2.ཚ་ལུ་མའི་ཕྱི་ཤུན་གཙང་མར་བཀྲུས་ནས་ཕྲན་བུ་གཙབ་རྗེས། ཉི་མར་ལྡེ་སྟེ་ཇ་ལོ་མཉམ་དུ་འཇོག་དགོས། འཐུང་སྐབས་ཆུ་ཁོལ་ནང་སྦངས་ནས་འཐུང་ན་ཕོ་བ་དང་དབུགས་རྒྱུན་ལྡན་ལུས་སྟོབས་སོགས་གསོ་བར་ཕན།
3.ཚ་ལུ་མའི་ཕྱི་ཤུན་གཙང་མར་བཀྲུས་ནས་ཉི་མར་ལྡེ་རྗེས། ཆང་དཀར་ནང་སྦངས་ནས་གཟའ་འཁོར་གཉིས་དང་བདུན་གྱི་རྗེས་སུ་འཐུང་ན། གློ་བ་གཙང་མ་དང་ལུད་པ་མེད་པར་བྱེད་ཐུབ།
4.ཚ་ལུ་མའི་ཕྱི་ཤུན་གཙང་མར་བཀྲུས་ནས་ཕྲན་བུ་གཙབ་སྟེ་ཉི་མར་ལྡེ་རྗེས་སྔས་མགོའི་ནང་བཞག་ན། དབུགས་རྒྱུན་བདེ་བ་དང་ཁྲག་ཤེད་འཚམ་པར་བྱེད་པའི་ཕན་ནུས་ལྡན།
5.ཚ་ལུ་མའི་ཕྱི་ཤུན་འོས་འཚམ་ངང་ཇ་ནང་སྦངས་པའམ་ཆུ་ནང་བཙོས་ནས་འཐུང་ན། ཁ་ངན་དྲི་ངན་བྲོ་བ་དང་རྩ་འགག་པ་སོགས་གསོ་བཅོས་བྱེད་ཐུབ།
6.ཚ་ལུ་མའི་ཕྱི་ཤུན་སྐམ་པོར་མེ་སྒྲོན་ནས་སྤོས་དུ་ཡི་ཚབ་བྱས་ན། ཁང་བའི་ནང་གི་དྲི་ངན་མེད་བྱེད་པ་དང་། སྦྲང་བུ་འགོག་པར་ཕན་ཐོག་ཡོད།