འདི་ག་ནི་དམར་དམག་སྐྱོད་མྱོང་བའི་ས་ཆ་ཞིག་ཡིན།

ཕུན་ཚོགས་ཀྱིས་སྒྲིག་སྒྱུར་བྱས། དཀོན་མཆོག་རྡོ་རྗེས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-07


   

¤ རི་རབ་རྒྱ་མཚོ་བཞིན་དུ་འཁྲིགས།། མཚམས་སྤྲིན་དམར་པོ་ཁྲག་གི་མདོག།

   གུང་ཁྲན་ཏང་གི་ལོ་ངོ༩༥ཡི་ལོ་རྒྱུས་དང་། མི་དམངས་དམག་དཔུང་གི་ལོ་ངོ༨༩ཡི་ལོ་རྒྱུས་སྟེང་། རྒྱང་སྐྱོད་ནི་ཆེས་ཡིད་སྐྱོ་ཞིང་ཆེས་གཟི་འོད་འཕྲོ་བའི་ལོ་རྒྱུས་སྙན་རྩོམ་ཞིག་རེད། ཡང་ཅིག་བཤད་ན། རྒྱང་སྐྱོད་ནི་འདས་བའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་བླ་མེད་ཀྱི་བྱས་རྗེས་ངོ་མཚར་ཅན་དང་། གནམ་ས་གཡོ་བའི་རྔམ་བརྗིད་ཀྱི་ལོ་རྒྱུས་སྙན་རྩོམ། རྒྱང་སྐྱོད་ཧྲིལ་པོའི་གོ་རིམ་ཁྲོད། མི་མེད་རྩྭ་ཐང་འགྲིམས་པ་དང་གངས་རི་བརྒལ་བ་དེ་ནི་ཆེས་དཀའ་སྡུག་ཚད་མེད་དང་། ཆེས་མི་སེམས་གཡོ་བ། ཆེས་ཧ་ལས་ཧང་སངས་བའི་བརྒྱུད་རིམ་ཞིག་རེད། དེ་ནི་འཆི་གསོན་བར་ཀྱི་འཐབ་འཛིང་ཞིག་རེད། དེའི་རྐྱེན་གྱིས་མི་རྣམས་ཀྱིས་ནམ་རྒྱུན་གངས་རི་བརྒལ་ནས་རྩྭ་ཐང་འགྲིམས་ཞེས་པ་འདིས་དཀའ་སྤྱད་དང་ཡིད་སྐྱོ་བརྗིད་ཉམས། དམར་དམག་གིས་དཔའ་ངར་བརྟན་བརླིང་དང་བློ་བརྟན་འགྱུར་མེད་དེ་མཚོན་པར་བྱས་ཡོད། གངས་རི་བརྒལ་ནས་རྩྭ་ཐང་འགྲིམས་པ་དེ་རྒྱང་སྐྱོད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཀྲུང་གོའི་གསར་བརྗེ་ལོ་རྒྱུས་སྟེང་གི་རྟག་བརྟན་གྱི་རྡོ་རིང་ཞིག་ཡིན།

¤ རོང་བྲག་བོད་རིགས་རང་བཙན་རྟ་དམག་དཔུང་ཁག (ཟུར་གཅིག)

   རྒྱང་སྐྱོད་ཀྱི་རྒྱལ་ཁ་དེས་ཀྲུང་གོ་གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་བཟོ་ཞིང་དམར་དམག་ནི་ངེས་དོན་གྱི་དཔའ་རྒོད་དང་། ཀྲུང་ཧྭ་མི་རིགས་ནི་དཔའ་འཛམས་ལྡན་པ་ཞིག་ཡིན་པ་མངོན་པར་ར་སྤྲོད་བྱས་ཡོད། རྒྱང་སྐྱོད་བརྒྱུད་ནས་ཀྲུང་གོ་གསར་བརྗེའི་སྟོབས་ཤུགས་ཉེན་ཁ་ལས་སྐྱབས་ཤིང་། ཆུང་ཆུང་ཆེ་རུ་གྱུར། ཉུང་ངུ་མང་དུ་འཕེལ། ནུས་མེད་སྟོབས་ཆེན་དུ་གྱུར། ཕམ་ཁ་ནས་རྒྱལ་ཁ་བླངས་པ། རྒྱལ་ཁ་ནས་རྒྱལ་ཁ་ཆེན་པོ་གསར་བ་ཞིག་ལ་བསྙེགས་ཤིང་། ཡང་དང་བསྐྱར་དུ་གཟི་བརྗིད་འོད་སྟོང་འབར་བའི་གྲུབ་འབྲས་གང་མང་ཞིག་བསྐྲུན་ཡོད།

¤ དམར་དམག་ཆུ་ཆེན་དུ་ཡོད་པ།

   དམར་དམག་རྩྭ་ཐང་དང་གངས་རི་བརྒལ་ནས་རྒྱང་སྐྱོད་བྱེད་པའི་གོ་རིམ་ཁྲོད། གུང་ཁྲན་ཏང་དང་དམར་དམག་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འབོད་སྐུལ་འོག རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དཀའ་སྡུག་ཁྲོད་ཀྱི་དམར་དམག་ལ་རོགས་སྐྱོབ་གྲོགས་དམ་བྱས་ཤིང་། རང་སྲོག་བློས་བཏང་ནས་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། གལ་སྲིད་བོད་རིགས་མི་དམངས་ཀྱིས་རྒྱབ་སྐྱོར་རོགས་རམ་མེད་པའི་དབང་དུ་བཏང་ན། དམར་དམག་གངས་རི་བརྒལ་ཞིང་རྩྭ་ཐང་འགྲིམས་རྒྱུ་ཤིན་ཏུ་དཀའ་མོ་ཡིན་ངེས། རྒྱང་སྐྱོད་ཀྱི་རྒྱལ་ཁ་དེ་མི་རིགས་མཐུན་སྒྲིལ་གྱི་རྒྱལ་ཁ་ཞིག་ཡིན་ལ། དེ་ནི་གུང་ཁྲན་ཏང་དང་དམར་དམག་གི་ཡང་དག་པའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་རྒྱལ་ཁ་ཞིག་ཀྱང་ཡིན།

¤ ཐོང་ཏོའོ་དམར་དམག་བཅོས་བསྒྱུར། (ཟུར་གཅིག)

   རྒྱང་སྐྱོད་ཀྱི་དོན་སྙིང་གླེང་བར། མའོ་ཀྲུའུ་ཞིས་ལགས་ནས་འདི་ལྟར་གསུངས་མྱོང་། “རྒྱང་སྐྱོད་ནི་ལོ་རྒྱུས་ཟིན་ཐོ་སྟེང་གི་ཐོག་མ་དེ་ཡིན། རྒྱང་སྐྱོད་ནི་བསྒྲགས་གཏམ་ཡིག་ཆ་ཞིག་ཡིན། རྒྱང་སྐྱོད་ནི་དྲིལ་བསྒྲགས་རུ་ཁག་ཅིག་ཡིན། རྒྱང་སྐྱོད་ནི་རྨོ་འདེབས་འཕྲུལ་ཆས་དེ་ཡིན། ཕན་ཀོས་གནམ་ས་ཁ་ཕྱེས་པ་ནས་གོང་མ་གསུམ་དང་རྒྱལ་པོ་ལྔ་བར། དེ་ནས་ད་སྔ་བར་ལོ་རྒྱུས་སྟེང་ང་ཚོའི་འདི་ལྟ་བའི་རྒྱང་སྐྱོད་བྱུང་མ་མྱོང་། ”

¤ ལིའུ་པོ་ཁྲེང་དང་ཞའོ་ཡེ་ཏན་གྱིས་དབྱི་ཧེ་རུ་མནའ་གྲོགས་བསྒྲིགས་པ།

   རྒྱང་སྐྱོད་ཀྱི་དགོངས་དོན་ནི་ཏང་དང་མི་དམངས་དམག་དཔུང་གི་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་ཡིན་ལ། ཡང་ཅིག་བཤད་ན། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་རིགས་སོ་སོའི་མི་དམངས་སྤྱིའི་བསམ་པའི་རྒྱུ་ནོར་དེའང་ཡིན། རྒྱང་སྐྱོད་ཀྱིས་དཀའ་སྡུག་དེ་དག་ཚང་མ་ཕར་བསྐྱལ་ཞིང་། གཏུམ་ཞིང་རྒོད་པའི་དགྲ་བོའི་དཔུང་ཁག་ཀྱང་གཏོར་ནས་རྒྱལ་ཁ་བླངས་པས། གུང་ཁྲན་ཏང་དང་ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱི་མདུན་དུ། སེལ་མི་ཐུབ་པའི་དཀའ་ངལ་ཞིག་མེད་ལ། རྒྱལ་མི་ཐུབ་པའི་དགྲ་བོ་ཞིག་མེད། མངོན་འགྱུར་མི་ཐུབ་པའི་རླབས་ཆེན་ཀྱི་དམིགས་ཡུལ་ཡང་གཅིག་ཀྱང་མེད།

¤ མའོ་ཀྲུའུ་ཞིས་ཡུལ་སྐྱིད་གྲོང་སྡེ་རུ་རྟོག་ཞིབ་བྱེད་པ།

   རྒྱང་སྐྱོད་དེ་རྩོམ་རིག་སྒྱུ་རྩལ་གསར་གཏོད་ཀྱི་ཕུན་སུམ་ཚོགས་པའི་འཛད་མེད་ཀྱི་འབྱུང་ཁུངས་ཤིག་ཡིན། དམར་དམག་རྒྱང་སྐྱོད་བྱས་ནས་ད་སྔ་བར་ལོ་ངོ༨༠ལྷག་ཕྱིན་སོང་། རྒྱ་ཆེ་བའི་རིག་རྩལ་ལས་བཟོ་བ་རྣམས་ཀྱིས་ཆུ་ཚོན་རི་མོ། སྣུམ་ཚོན་རི་མོ། རྐོས་རིས། དྲིལ་བསྒྲགས་རི་མོ་ལ་སོགས་པའི་སྒྱུ་རྩལ་གྱི་རྣམ་པ་དུ་མའི་སྒོ་ནས་རྒྱང་སྐྱོད་ཀྱི་བརྒྱུད་རིམ་གླེང་བ། རྒྱང་བསྐྱོད་ཀྱི་དགོངས་དོན་སོགས་ལ་བསྟོད་བསྔགས་བྱས་ཡོད། ཡིན་ནའང་། མིག་སྔར་བར་ཐང་ག་ལྟ་བུའི་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་འདིའི་ལམ་ནས་རྒྱང་སྐྱོད་མཚོན་པ་བྱུང་མ་མྱོང་། ང་ཚོས་བསམ་པར། རྒྱང་སྐྱོད་ཀྱི་ལོ་རྒྱུས་མངོན་པ་དང་རྒྱང་སྐྱོད་ཀྱི་དགོངས་དོན་ལ་བསྟོད་བསྔགས་བྱེད་པའི་རྒྱ་ཆེ་བའི་རྗོད་གཞི་འདི་ལྟ་བུ་ཞིག་ལ། བོད་ཀྱི་སྲོལ་རྒྱུན་རི་མོ་སྟེ་ཐང་གའི་སྒྱུ་རྩལ་འདི་ཆད་ལུས་མི་རུང་འདོད། བར་སྟོང་འདི་ངེས་པར་དུ་ཁ་སྐོང་དགོས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་ལ་ཁ་གཏད་ནས། གཟབ་རྒྱས་ངང་རྒྱང་སྐྱོད་རྒྱལ་ཁ་བླངས་ནས་ལོ་ངོ༨༠འགོར་བར་རྗེས་དྲན་བྱེད་བཞིན་པའི་སྐབས་འདིར། གནས་འདི་ནི་དམར་དམག་སོང་ཡོང་མྱོང་བའི་ས་ཆ་ཡིན་ཞེས་པའི་རྒྱང་སྐྱོད་མུ་འབྲེལ་ཐང་ག་འདི་བོད་ཀྱི་རི་མོ་འབྲི་ལུགས་ལས་སྒར་བྲིས་ཀྱི་བྲིས་རྒྱུན་ཐད་ནས་འབྲི་བཞེངས་མཛད་ཅིང་། དེས་ལོ་རྒྱུས་རྒྱུན་རིང་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཐང་གའི་རིག་གནས་སྒྱུ་རྩལ་གྱི་ནང་དོན་ཐད་གསར་བ་ཞིག་གསབ་ཆ་བྱས་ཤིང་། རླབས་ཆེ་བའི་རྒྱང་སྐྱོད་ཀྱི་དགོངས་དོན་དེ་ཐང་གའི་ཐུན་མིན་གྱི་རྒྱུ་རྩལ་ལམ་ནས་ཀློག་པ་པོ་ཡོངས་ལ་སློབ་གསོ་དང་ཁྱབ་སྤེལ་ཟབ་མོ་བྱེད་པ། སྐྱར་དུ་རྒྱང་སྐྱོད་ལམ་དུ་བཞུགས། བོད་རྒྱ་ཁྱིམ་ཚང་གཅིག་གི་མི་ཞེས་པའི་སྤྱི་ཕན་བྱ་འགུལ་སྤེལ་ནས། མི་རིགས་ཕན་ཚུན་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་མུ་མཐུད་དུ་ཡར་རྒྱས་སྐུལ་སྤེལ་དུ་བཏང་ནས། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གོང་བུའི་འདྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས། ཉེ་འདྲེས་ཤུགས་ཡར་ཐོན་ཡོང་བར་བྱེད་དགོས།

¤ དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ།


¤ ཧོ་ལུང་དགའ་ལྡན་སུམ་རྩེན་གླིང་ལ་འཚམས་འདྲིར་ཕེབས་པ།


¤ ཀྲུའུ་ཨེན་ལེ་དང་ཇོ་ནེ་ཡུལ་དཔོན།


¤ དགའ་ལྡན་སུམ་རྩེན་གླིང་གིས་དམར་དམག་ལ་རོགས་སྐྱོར་བྱས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1