སྙན་རྩོམ་འགའ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   མག་པ་འཚོལ་བ།
   རྒྱལ་པོས་རང་གི་སྲས་མོར་མག་པ་གདམ་རྒྱུ་བྱས། འདེམ་སྟངས་ནི་གསར་བུ་དག་འགྲན་བསྡུར་ཞིག་ལ་ཞུགས་དགོས། རྒྱལ་ཁ་ཐོབ་མཁན་གྱིས་སྲས་མོ་ཆུང་མར་བླངས་ཆོག་པ་མ་ཟད། རྒྱུ་ནོར་མང་པོ་ཞིག་ཀྱང་འཐོབ་ཐུབ། འགྲན་བསྡུར་ཉིན། གསར་བུ་ཐམས་ཅད་མག་པ་འདེམ་ས་སྟེ་ཉ་ཆེན་རྨིགས་པ་གང་བའི་ཆུ་རྫིང་ཞིག་གི་འགྲམ་དུ་འཛོམས། རྒྱལ་པོས་སེང་གེ་ཞིག་ཆུ་རྫིང་དུ་འཕངས་པས་ཅུང་མ་འགོར་བར་སེང་གེ་དེ་ཉ་ཆེན་རྨིགས་པས་ཟོས་ནས་རུས་པ་འགའ་ལས་མ་ལྷག སྐབས་དེར་རྒྱལ་པོས་སྐད་གསེང་མཐོན་པོས“ཚང་མས་ཉོན་དང་།
ཆུ་རྫིང་འདི་ལས་རྐྱལ་ནས་ཕ་རོལ་ཏུ་བརྒལ་ཐུབ་པའི་གསར་བུ་དེ་ངས་དེ་རིང་མག་པར་གདམ་རྒྱུ་ཡིན།”ཟེར།
   གློ་བུར་དུ་གསར་བུ་ཞིག་ཆུར་མཆོངས་མ་ཐག་མྱུར་དུ་ཆུའི་ཕ་རོལ་ཏུ་བརྒལ། གསར་བུ་དེ་འགྲམ་ངོགས་སུ་བུད་དུས། རྒྱལ་པོ་ཐུགས་དགྱེས་ཏེ་གསར་བུ་ལ“ངར་བ་རེད། ཁྱོད་ཀྱིས་རང་གི་སྲོག་ལ་མ་བལྟས་པར་ངའི་སྲས་མོ་ཆུང་མར་བསུ་འདོད་པ་རེད།”ཅེས་རྟེན་འབྲེལ་ཞུས།
   “ཡིན་ལགས།”གདོང་མདོག་ཐལ་སྐྱ་ལྟར་གྱུར་པའི་གསར་བུ་དེས་སེམས་འཚུབ་ཅིང་ཁོང་ཁྲོ་ལངས་ནས“འོན་ཀྱང་ཁྱི་སྐྱག་སུས་ང་རང་ཆུ་རྫིང་དུ་རྒྱབ་ནས་ལྐོག་འདེད་བྱས་པ་ཡིན།”ཟེར།

   སྨན་པ་ལ་དྲིན་ལན་ཞུས་པ།
   སྨན་པས་འཛུམ་དང་བཅས་ནད་པར་བལྟས་ཏེ།
  “དེ་རིང་ཁྱོད་ཉིད་སྔོན་ལས་ཇེ་བཟང་དུ་སོང་ཡོད།”
  “རེད་ཡ། སྨན་པ་ལགས། ཁྱོད་ཀྱིས་བྱིན་པའི་སྨན་རྫས་དམ་བུ་དེའི་དྲིན་རེད།”
  “རྒྱུ་མཚན་ཅི།”
  “དེའི་ཁ་འབྱེད་བསམ་ནས་ཡར་གཅུ་མར་གཅུ་བྱས་པས་ལུས་ནས་རྔུལ་ཆུ་ཕྱུང་། ཡིན་ཡང་དམ་བུ་དེའི་ཁ་འབྱེད་མ་ཐུབ།”

   སྦྱིན་བདག་ལ་བཀའ་དྲིན་ཞུས།
  “ཨ་རོགས་ཧྲི་མུས་ཐེ་ལགས། ཁྱོད་ཀྱིས་ཨེ་ཤེས། མདང་དགོང་ངའི་རྨི་ལམ་དུ་ཁྱོད་རང་རྨིས་སོང་།”
  “ཨེ་རེད། སྦྱིན་བདག་ལགས། ཁྱོད་ལ་བཀའ་དྲིན་ཆེ།”

  ལས་རིགས་གཅིག་པ།
   སཱ་ལ•པེ་ཡུན་ཧ་ཐེ(1844—1923)ནི་ཧྥ་རན་སེའི་འཁྲབ་སྟོན་པ་མཛེས་མ་ཞིག་ཡིན། མོའི་འཚོ་བའི་ནང་གི་སྣང་བརྙན་དང་འཁྲབ་སྟོན་སྐབས་ཀྱི་སྣང་བརྙན་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད། མོ་སྙིང་སྟོབས་ཆེ་ལ། བློ་སྤོབས་ལྡན་པ། ཞལ་དང་སྐྱེ་འབྲས་མཚར་ལ་ཕྲན་ཚགས་ལ་གཏན་ནས་མི་ལྟ་བ་རེད། དེ་བས་ཆོས་ལུགས་མི་སྣས་མོ་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
   ཨ་རི་ནས། ཆོས་པ་ཞིག་གིས་མོ་ལ“ལོག་གཡེམ་གྱི་གདོན་འདྲེ་ཞིག་རེད། དེང་རབས་པཱ་པུས་ལོན་གྱིས་མངག་འོངས་པའི་སྐམ་ས་ཆེན་མོ་གསར་བ་ལ་རུལ་སུངས་དང་། བཙོག་བཟོ་བྱེད་མཁན་གྱི་གདོན་མོ་རེད།”ཅེས་སྡིག་དམོད་མང་པོ་བྱས།
   པེ་ཡུན་ཧ་ཐེས་གཏམ་དེ་ཐོས་རྗེས། ཤོག་བྱང་ཞིག་ཏུ་ཧ་ཅང་ཚིག་འཇམ་པོས་ཡི་གེ་བྲིས་ཏེ་ཆོས་པ་ལ་བསྐུར། དེའི་སྟེང“བརྩེ་བའི་ལས་རིགས་གཅིག་པའི་གྲོགས་པོ་ལགས། ཅི་ཞིག་ལ་འདི་ལྟར་ཛ་དྲག་གིས་ང་ལ་ངོ་རྒོལ་བྱེད་དགོས་དོན་ངས་ཧ་མི་གོ འཁྲབ་སྟོན་པ་ཞིག་གིས་འཁྲབ་སྟོན་པ་གཞན་ཞིག་ལ་དེ་འདྲའི་དཀའ་ངལ་ལ་གཏོད་མི་དགོས་སྙམ།”ཞེས་བྲིས་ཡོད།

  བུ་ཕྲུག་བཞི་བ་སྐྱེས་རྗེས།
  ཁྲིམས་ཁང་དུ། བཟའ་ཐོར་གྱོད་དོན་ཞིག་ཡོད་དེ། བཟའ་ཟླ་གཉིས་པོར་ཕྲུ་གུ་གསུམ་ཡོད།
  ཆུང་མ།“ང་ལ་བུ་ཕྲུག་གཉིས་དགོས། ཁྱོད་ཀྱིས་གཅིག་བདག་བྱོས།”
  སྐྱེས་པ།“མིན། ང་ལ་གཉིས་དགོས། ཁྱོད་ཀྱིས་གཅིག་བདག་བྱོས།”

  བཟའ་ཟླ་གཉིས་འདི་ལྟར་དུས་ཚོད་འགའ་ལ་རྩོད་རེས་བྱས། ཁྲིམས་དཔོན་གྱིས་སྒུག་མ་ཐུབ་པར། ཁྱོད་གཉིས་ཀྱིས་མྱུར་དུ་ཐག་ཆོད་ཟེར། མཇུག་ཏུ་ཆུང་མས“ཕྱིར་ཡུལ་དུ་འགྲོ། ལོ་གཅིག་ལ་བསྒུག་ནས་ཕྲུ་གུ་བཞི་བ་དེ་སྐྱེས་རྗེས་བཟའ་ཐོར་བྱ།”ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1