མ་ཎིའི་རྡོ་འབུམ་སྤུངས་པའི་ལྷས་ར་ན།།
ལྕང་ལོ་དགུང་ལ་མཉམ་པའི་སྲོལ་ཀ་མེད།།
ལྟོས་ཤིག་རང་གི་སེམས་ཀྱིས་རང་ལ་ལྟོས།།
རུས་རྐང་སྨུག་པོ་དུར་འཇུག་མ་བྱེད་ཀྱེ།།
རོལ་དབྱངས་དཀྲོལ་བའི་ལག་པ་ཡོད་རབས་མེད།།
སྙན་ངག་འབྲི་བའི་མཆུ་སྒྲོས་དེ་ལས་མེད།།
མེ་ཏོག་ཐང་ནས་ཤོག་སྦག་རྒྱག་གི་འདུག།
མཛའ་གཞས་གྲོང་ནས་ཆང་ཕོར་གཏུག་གི་འདུག།
སྐྲ་ལོ་དུས་ལྟར་བཅད་པའི་རྣམ་བཞག་དེ།།
ད་ནི་ཁྱོད་ལ་དེ་ཙམ་མི་འགྲིག་འདུག །
ཆར་སྡོད་བྱེའུ་རྩེན་པའི་འཇིག་རྟེན་དེ།།
སྐྱེ་བ་སྔོན་མའི་ཕ་ཡུལ་འབྲི་བར་བྱོས།།
བརྩེ་བ་མེད་ས་ནས་རྡོག་བྲོ་མི་རྒྱག
དུར་རྐང་གཅིག་གི་ཞིམ་ཤ་རྔུབ་ཀྱིན།།
ཁེར་རྐྱང་འཇིག་རྟེན་འགྲམ་པ་གླན་ན།།མེ་ལོང་ནང་གི་རྟ་ཁྱུ་ཞོགས་ཞོགས།།
ཅོག་ཙེའི་སྒང་གི་མེ་ཏོག་རྐང་གཅིག །
ཤེལ་ཕོར་ཁ་ཡི་མཆུ་སྒྲོས་ཡ་གཅིག །གཞུང་ལུགས་གང་གི་རྣམ་བཞག་ཐེ་ཡོད།།
ལོ་དང་ཟླ་བའི་རྐང་རྗེས་ཐར་ཐོར།།
སེམས་དང་བསམ་པས་འབྲེལ་འདྲིས་ཐན་ཐུན།།རྩེད་སྟངས་ཤིག་གི་གོ་རིམ་ཨེ་ཡིན།།
འཕྲིན་ཡིག་མང་ཞིག་ཁྱོད་ལ་བསྐུར་མྱོང་།།
སྙིང་གཏམ་མང་ཞིག་ཁྱོད་ལ་བཤད་མྱོང་།།ཁྱོད་ལ་མཐོ་རྒྱུགས་འཕྲོད་ས་མ་རེད།།
སེམས་ཀྱི་དམར་པོ་ཁྱོད་ལ་བྲིས་པ།།
འགྲེལ་བཤད་མེད་པར་བསུབ་ཐལ་ཟེར་གི །རྨི་ལམ་རིང་པོ་ཡོད་ས་མ་རེད།།
གཏམ་རྒྱུད་ཅིག་གི་འགོ་བརྗོད་འབྲི་དུས།།
གཏམ་རྒྱུད་ཅིག་གི་མཇུག་བྱང་གླེང་བྱུང་།།འཛུམ་མདངས་སྐྱ་རེངས་གཞན་དག་བསུས་འདུག །
གནམ་ས་སྤྲོ་བའི་ཉི་མ་ཞིག་ལ།།
ཆང་དཀར་དགོད་པའི་དུས་བཟང་ཞིག་ལ།།