—— མངའ་རིས་ཀྱི་རང་བྱུང་བཀོད་པ་པར་དུ་བླངས་པ་མིག་ཡིད་དགའ་སྟོན།
སྲོལ་རྒྱུན་གྱི་རྒྱན་གོས།
ཅང་ཤེས་རྟ་མཆོག
སྤྲིན་གསེབ་ཀྱི་ཏི་སི།
ས་སྟེང་སྐྱེ་བོ་ཀུན་གྱིས“འཛམ་གླིང་ཡང་རྩེའི་ཏོག”ཏུ་འབོད་པའི་བོད་ནུབ་མངའ་རིས་ས་ཁུལ་ནི་སྤྱིར་ན་ས་བབ་མཐོ་ཞིང་གཙང་ལ། ཆུ་བཟང་བ་དང་མཁའ་རླུང་དྭངས་ཤིང་གཙང་བ། སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་པའི་མཚོ་མོ་མ་ཕམ་གཡུ་མཚོ་དང་རི་བོ་གངས་དཀར་ཏི་སི་ཡི་དྲིན་ལས་ཡུལ་དེའི་སྣོད་བཅུད་ལེགས་པར་བསྐྱངས་ལ། ཡང་སྒོས་ཁ་འབབ་རྣམ་བཞིའི་བཞུར་རྒྱུན་ལས་མངའ་རིས་ས་མཐོར་ཚེ་སྲོག་གི་དཔལ་འབར་བ་མ་ཟད། ཡུལ་དེའི་བྱང་ངོས་སུ་ཁུ་ནུ་རི་བོའི་ཤར་རྒྱུད་དང་གངས་དཀར་ཏི་སིའི་རི་རྒྱུད་བཅས་རི་བོ་མཐོ་ཚད་སྨི་བདུན་སྟོང་ཟིན་པའི་རི་རྒྱུད་ཡོད་ལ། ལྷོ་ནུབ་ས་བབ་དམའ་ཞིང་འབྲས་བུའི་ཁུར་གྱིས་ལྕི་བའི་ལྗོན་ཤིང་དང་མེ་ཏོག་གི་མཚར་སྡུག་བཀྲ་བ། བྱང་ཤར་ཕྱོགས་སུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་རི་དྭགས་ཕོ་མོ་རྩྭ་གང་བཟང་ལ་རོལ་བཞིན་དུར་རྒྱུག་བྱེད་ཅིང་། ཡུལ་དེར་སླེབས་མ་སླེབས་ཀྱི་སྐྱེ་བོ་ཡོངས་ཀྱི་ཡིད་དང་མོས་པའི་བརྟན་པ་ཅིག་ཅར་དུ་འཕྲོག་པར་ནུས།
ད་ཐེངས་གསར་འགོད་པས་གསར་འགྱུར་བཅར་འདྲིར་སྐྱོད་ཞོར་དུ་ཡུལ་དེའི་མཛེས་པ་འཕྲུལ་གྱི་པར་དུ་བླངས་པ་ལས་འགའ་ཞིག་བདམས་ནས་ཀུན་གྱི་སྤྱན་སྔར་བསྟར་བ་དགེ་ལེགས་འཕེལ།
དགོང་ཁའི་མཚམས་སྤྲིན།
ལུག་རྫི་བུ་མོ།
རང་བཞིན་ལྷུན་གྲུབ།
གནམ་སའི་འབྲེལ་མཚམས།
བྲུ་རོང་གི་རང་མདངས།