ཉེ་ལམ། ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་དུ་འཛམ་གླིང་གླང་ཆེན་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་བརྗོད་དོན་ནི་ང་ཚོས་ཡ་གླིང་གི་གླང་ཆེན་ལ་བདག་གཅེས་བྱ་དགོས་ཞེས་པ་དེ་ཡིན་ཞིང་། དེ་ལ་གླང་ཆེན་གྱི་ཁྲོམ་སྐོར་དང་གླང་ཆེན་གྱི་གསོལ་སྟོན། གླང་ཆེན་གྱི་ལྷས་ར་གཙང་བཤེར་བྱེད་པ་སོགས་ཀྱི་ནང་དོན་ཁག་འདུས།
འཛམ་གླིང་གླང་ཆེན་ཉིན་མོ་ནི་སྤྱི་ལོ་2012ལོའི་ཟླ་8པའི་ཚེས་12གསར་དུ་བཙུགས་ཤིང་། དམིགས་ཡུལ་གཙོ་བོ་ནི་ཁྲིམས་འགལ་གྱིས་གླང་ཆེན་གསོད་པ་དང་བ་སོའི་ཉོ་ཚོང་བྱེད་པར་བཀག་འགོག གླང་ཆེན་གྱི་སྲུང་སྐྱོབ་བྱེད་པ། ལྷག་པར་ཉེན་ཁར་གནས་པའི་ཧྥེ་གླིང་དང་ཡ་གླིང་གི་གླང་ཆེན་ལ་དང་དོད་ཆེན་པོ་བྱེད་པ་དེ་རེད།།