མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བསྒྱུར་མདས་གཏོར་ལྷུང་ཐེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-18


       སྤྱི་ཟླ་7པའི་ཚེས་17ཉིན། མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་གིས་བསྒྲགས་པ་ལྟར་ན།  ཧོ་ལན་གྱི་རྒྱལ་ས་ཨེམ་སི་ཐེར་དམ་ནས་ཁལ་ལུང་ཕུ་རུ་ཕྱིར་འཕུར་བྱེད་བཞིན་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་HMH17དེ་ཡུག་རེན་གྱི་མཁའ་དབྱིངས་ནས་ས་སྟེང་དང་འབྲེལ་བ་ཆད།  དེར་མཐུད་ནས་ཡུག་རེན་གྱི་སྲིད་འཛིན་པོ་ལུའོ་ཧྲེན་ཁོ་ཡིས་གནམ་གྲུ་འདི་སར་ལྷུང་འདུག  ཕལ་ཆེར་གཏོར་ལྷུང་ཐེབས་པ་རེད། ཡིན་ན་ཡང་ཡུག་རེན་སྲིད་གཞུང་དམག་གིས་ནམ་མཁར་བསྒྱུར་མདའ་སོགས་འཕང་མ་མྱོང་ཞེས་བསྒྲགས།   

      མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུ་ཡིས།  ཁོས་དངོས་སུ་འགྲུལ་སྐྱེལ་གནམ་གྲུ་གཏོར་ལྷུང་ཐེབས་པའི་གནས་ཚུལ་གསར་པ་འཚོལ་བསྡུ་བྱེད་བཞིན་པའི་སྒང་ཡིན་ཟེར།
     ཨུ་རུ་སུའི་རྒྱལ་སྤྱིའི་ཡིག་བརྒྱུད་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན།  འགྲུལ་སྐྱེལ་གནམ་གྲུ་འདིའི་ནང་ན་ཁྱོན་འགྲུལ་པ་མི་298ཡོད་ལ། ཡུག་རེན་གྱི་མངའ་ཁོངས་དང་ཨུ་རུ་སུའི་རྒྱལ་མཚམས་ནས་གཏོར་ལྷུང་ཐེབས། དེ་ནི་གཞན་གྱི་གནོད་འཚེ་བྱས་ནས་གཏོར་ལྷུང་ཐེབས་པ་རེད་ཟེར།  གནམ་གྲུ་གཏོར་ལྷུང་མ་ཐེབས་པའི་སྔོན་ཨུ་རུ་སུའི་མངའ་ཁོངས་སུ་སླེབས་པར་དབྱིན་ལེ་20ཙམ་ལས་མེད།
     མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་་གིས་བསྒྲགས་པའི་ཆེད་བཀོད་གནས་ཚུལ་ལྟར་ན།  མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་ཨེམ་སི་ཐེར་དམ་ནས་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ས་སྟེང་དང་འབྲེལ་བ་ཆད་པ་དང་། གནམ་གྲུ་འདིའི་མཐའ་མཇུག་གི་གནས་ཡུལ་ནི་ཡུག་རེན་གྱི་མཁའ་དབྱིངས་རེད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུའི་སྟེང་དུ་བསྡོམས་པའི་མི་298ཡོད་ལ་ཚང་མ་རྐྱེན་ལམ་དུ་ཤོར་འདུག་ཟེར།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1