སྤྱི་ཟླ་7པའི་ཚེས་17ཉིན་ཀྱི་དུས་ཚོད་14དང་སྐར་མ་45ཡས་མས་སུ། རྒྱལ་ལམ་213སྟེང་གི་774+600m(མའོ་རྫོང་ཧྲུ་ཏ་ཀོན་ཡུལ་ཤོག་གི་ས་མཚམས་ཀྱི་ཉེ་འཁོར་)དུ་རི་ཉིལ་གྱི་དོན་རྐྱེན་བྱུང་ནས་གཞུང་ལམ་ལ་གནོད་སྐྱོན་ཆེན་པོ་བཟོས་ཤིང་། རི་ངོས་ནས་ལྷུང་བའི་ས་རྡོས་རླངས་འཁོར་13ལྷག་ལ་གནོད་སྐྱོན་ཕོག ཏེ་དབྱང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཆུང་གི་རུ་དཔོན། ཏེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་གི་འགོ་བ་ཧྥན་ཐེན་ཡུང་སྟབས་མ་ལེགས་པར་ཐེངས་འདིའི་དོན་རྐྱེན་ཁྲོད་སྤྱི་དོན་གྱི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ཤོར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རི་ཉུལ་བྱུང་བའི་དོན་རྐྱེན་ཁྲོད་དུ་མི་10རྐྱེན་ལམ་དུ་ཤོར་ཡོད་པ་དང་། རྨས་མ་ལྕི་མོ་མི་7དང་། ཅུང་ཡང་མོ་ཡིན་པ་མི་15་བཅས་མི་22ལ་རྨས་ཕོག །