རང་ཞིང་གིས་ཐོ་ཅང་གཙང་བོའི་འབབ་ཡུལ་གྱི་ཁོར་ཡུག་གཙང་སེལ་བྱ་རྒྱུ་རེད།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-21


        ཟླ་8པའི་ཚེས་20ཉིན། གསར་འགོད་པས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རང་རེའི་ཞིང་ཆེན་གྱིས་2017ལོ་ནས་2020ལོའི་བར་གྱི་ཐོ་ཅང་གཙང་བོ་འབབ་ཡུལ་གྱི་ཆུའི་སྦགས་བཙོག་བཀག་འགོག་བྱེད་པའི་འཆར་འགོད་བཏོན་ཞིང་། འཆར་འགོད་ལྟར་ན། རང་རེའི་ཞིང་ཆེན་གྱིས་ཐོ་ཅང་གཙང་བོ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་འཁྱམས་འཛུགས་བསྐྲུན་བྱ་རྒྱུ་རེད། 2017ལོ་ནས་2020ལོའི་བར་གྱི་གཞི་ཁྱོན་ཆེ་བའི་སི་ཁྲོན་ཞིང་ཆེན་ཡོངས་ལྗང་མདོག་ཅན་དུ་གྱུར་བ་དང་། འབྲི་ཆུའིུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལྕགས་རི་སྲ་བརྟན་དུ་གཏང་བའི་སྤྱིའི་འཆར་འགོད་ལག་བསྟར་བྱས་ནས། ས་ཆུ་རྒྱུན་འཁྱོངས་བྱེད་པ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པ། ས་ངོས་བཅད་ཁའི་ནུས་པ་གཙོ་བྱས་པའི་འགོག་སྲུང་ནགས་ཚལ་བསྐྲུན་ནས། འབྲི་ཆུའི་འགྲམ་རྒྱུད་ཀྱི་ནགས་ཚལ་སྐྱེ་ཁམས་ཀྱི་མ་ལག་བསྐྲུན་རྒྱུ་རེད། 2020ལོར་སླེབས་དུས། ཐོ་ཅང་གཙང་བོའི་འགྲམ་རྒྱུད་དུ་བརྒྱ་ཆའི་20ཟིན་པའི་ལྗང་མདོག་སྐྱེ་ཁམས་བར་འཁྱམས་གསར་སྣོན་བྱ་རྒྱུ་རེད། 
        འཆར་འགོད་ལས། ཆུ་དཔོན་ལམ་ལུགས་ཀྱི་གཞི་སྒྲོམ་འོག  སྡེ་ཁག་རོགས་འདེགས། ཐོན་ཁུངས་མཉམ་སྤྱོད། ཚོད་བཤེར་མཐུན་སྦྱོར། ལས་བགོས་འགན་ཁུར་བཅས་ཀྱི་རྩ་དོན་ལྟར་ཐོ་ཅང་གཙང་བོ་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་གཅིག་གྱུར་སྒོས་ཚད་འཇལ་དང་བརྡ་འཕྲིན་མཉམ་སྤྱོད། བཟོ་ཚོགས་མཉམ་འགུལ་སོགས་ཀྱི་ལས་ཀ་ཁག་ལ་སྐུལ་འདེད་བཏང་ནས།  སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཟབ་ཞུགས་བྱེད་པའི་གཙང་བོའི་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་གྱི་རྣམ་པ་གསར་པ་ཞིག་བསྐྲུན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1