ཉག་རོང་སྤང་རིང་ཟམ་པ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


   སྤང་རིང་ཟམ་པ་ནི་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོར་བཙུགས། ཤིང་དང་རྡོའི་རྒྱུ་ཆ་གཞི་ཁོག་ཏུ་གྲུབ་པའི་ཟམ་པ་ཞིག་ཡིན། 1936ལོར་དམར་དམག་རྒྱང་སྐྱོད་སྐབས་སུ་ཟམ་པ་འདི་བརྒལ་བརྒྱུད་བྱས་པས་དམར་དམག་ཟམ་པ་ཞེས་ཀྱང་འབོད།

   ཟམ་པ་འདི་ཉིད་ཟམ་གཞི་དང་ཟམ་གདན། ཟམ་སྣེའི་བསིལ་ཁང་བཅས་ཁག་གསུམ་གྱིས་གྲུབ་ཡོད་དེ། གཟམ་གདན་ནི་གདུང་མ་ཐང་ཤིང་དང་རྡོ་རིལ། རྡོ་ལེབ་བཅས་སྤེལ་མར་བརྩེགས་རྗེས་ཤིང་ཁྱིའུ་ཡིས་འབྲེལ་མཐུད་བྱས་ཡོད། ཟམ་པ་ཧྲིལ་པོར་འཛེར་མ་གཅིག་དང་ལྕགས་སྣེ་གཅིག་ཀྱང་སྤྱད་མེད་པ་དང་མཐུད་མཚམས་ཚང་མར་ཤིང་ཁྱིའུ་ཡིས་མཐུད་འབྲེལ་བྱས་པས་དེས་བོད་ཁུལ་མི་དམངས་ཀྱི་ཁྱད་དུ་འཕགས་པའི་གསར་སྐྲུན་བྱེད་ནུས་མངོན་དུ་བསྟན་ཡོད། 2006ལོའི་ཟླ་5་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་གྲས་སུ་བཞག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1