ཨི་ཟི་རེལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། བྱིས་པ་བཞི་ལ་ཨི་ཟི་རེལ་གྱི་མཚོ་དམག་གི་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བས་གཉེན་ཉེ་དག་ལ་སེམས་ངལ་ཆེན་པོ་བྱུང་། བསྒྲགས་པའི་གནས་ཚུལ་ལྟར་ན། བྱིས་པ་དེ་བཞི་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་རུས་པེ་ཁི་ཟེར་བའི་ཁྱིམ་ཚང་ཞིག་གི་རེད་ཟེར།
ཨི་ཟི་རེལ་སྲིད་གཞུང་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཨི་ཟི་རེལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱས་ཟེར།