བོད་ཤོག་ཐོན་ལས་ལ་རྒྱལ་ཕྱི་རྒྱལ་ནང་ཡུལ་སྐོར་བའི་དགའ་བསུ་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 09-11


   
མལ་གྲོ་གུང་དཀར་རྫོང་འབྲི་གུང་སྲོལ་རྒྱུན་བོད་ཤོག་རིག་གནས་རྒྱུན་འཛིན་ཚད་ཡོད་ཀུང་སིའི་ལས་དོན་པས་བོད་ཤོག་བཟོ་བཞིན་པ། 
        བོད་ཤོག་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་ཐོན་པ་དང་དེ་ནི་བོད་ཁོ་ནར་ཡོད་པའི་རིག་གནས་ཐོན་རྫས་ཤིག་རེད།  འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་ཤོག་བུ་བཟོ་བའི་ལག་རྩལ་ཁྱབ་གདལ་བཏང་རྗེས་ཤོག་བུ་བཟོ་མཁན་ཚོས་ས་གནས་སུ་དེའི་ཐད་སྤྱོད་པའི་མ་བཅོས་རྒྱུ་ཆ་མེད་པའི་གནས་ཚུལ་འོག་ལོ་མང་རིང་འཚོལ་ཞིབ་བྱས་པ་བརྒྱུད།  མཐར་བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ཤོག་བཟོས་པ་རེད། 
        ཉེ་བའི་ལོ་ཤས་རིང་བོད་ཤོག་འདི་ཉིད་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ནས་བོད་ཤོག་སྤྱད་ནས་བཟོས་པའི་འབག་སོགས་ལ་ས་གནས་ཀྱི་གྲོང་མི་དང་།  དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུ་ཐོབ་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1