བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་གི་ཞིང་པ་པ་སངས་བུ་ཁྲིད་དང་བློ་བཟང་གཉིས་ཀྱིས་ལ་ཕུག་བསྡུ་བཞིན་པ།
ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ཧྲན་ཏུང་ཞིང་ཆེན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་དང་། ཚན་རྩལ་གསར་པ། སྒྲིག་ཆས་གསར་པ་ནང་འདྲེན་བྱས་ནས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་གི་ལྷོ་མ་དང་ནོར་བུ་གླིང་གྲོང་ཚོ་གཉིས་སུ་ལ་ཕུག་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ཏེ་ཞིང་ལས་ལག་རྩལ་མི་སྣ་དང་མང་ཚོགས་གསོ་སྦྱོང་བྱས་པས། རྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ཞིང་ལས་དང་རང་འགུལ་ཅན་གྱི་ཆུ་འདྲེན་མངོན་འགྱུར་ཐུབ་ཡོད།།