བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-14


        ཟླ་9བའི་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30སྟེང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་ཆེན་མོ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ཁང་དུ་བསྡུས། ཀྲུང་གུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་རྟེན་འབྲེལ་ཚོགས་ཆེན་ལ་འགོ་འཛིན་བྱས།
        ལོ་ངོ་60ལྷག་གི་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་ཟེར་འོག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་འཁུར་ཟབ་མོ་འོག ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དོ་ཁུར་དང་རྒྱབ་སྐྱོར་འོག དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་རོགས་སྐྱོར་ཆེན་པོའི་འོག ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་དང་། བསམ་བློ་བཅིངས་འགྲོལ་བྱས་ནས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར། སྤྱི་ཚོགས་འཆམ་མཐུན་བརྟན་རླིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་གནས་བབ་ཡག་པོ་མངོན་འགྱུར་བྱུང་བ་མ་ཟད། བདེ་ཆེན་བོད་ཁུལ་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་རླིང་བཅས་ཀྱི་སྒོ་མོ་ལེགས་པོར་ཕྱེས། 
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།

ཀྲུང་གུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་བདེ་ཆེན་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཤིས་ཚིག་འབུལ་བཞིན་པ།

ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་ཀྲང་ཅིན་ཙེ་ཡིས་གསུང་བཤད་གནང་བཞིན་པ།

ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཞིའུ་ལིན་གྱིས་གསུང་བཤད་གནང་བཞིན་པ།

རྟེན་འབྲེལ་ཚོགས་ཆེན་སྟེང་གི་རིགས་རྩལ་འཁྲབ་སྟོན་ཆེན་མོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1