འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་པ་བྱུང་། ཁྲོན་བོད་གཞུང་ལམ་སྟེང་གི་ཕུག་ལམ་དང་པོ་འཕྲེད་ཀྱིས་གཅོད་པར་སྐར་མ་15ལས་མི་དགོས།

མཁས་གྲུབ་དང་ཨོ་རྒྱན་གྱིས་བྲིས། ཀྲང་པིན་གྱིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


        雅康高速二郎山隧道贯通 今后穿越二郎山仅需要15分钟

        9月26日上午,雅康高速二郎山特长隧道右洞最后4米成功爆破,实现双洞贯通。隧道全长13459米,是全国第4长公路隧道。正式通车后,穿越二郎山仅需15分钟。这是成都平原进入甘孜藏区第一座高速公路特长隧道,被誉为“川藏第一隧”。

        雅康高速二郎山特长隧道洞口海拔1570米,比老二郎山隧道低630米,位于冰冻线以下,确保了冬季行车安全。

འུ་ལག་རི་བོའི་ཕུག་ལམ་ལེགས་འགྲུབ་ཀྱི་མཛད་སྒོའི་ཡུལ་དངོས།

        二郎山隧道,处于板块交界地带,穿越13条区域性断裂带,因地质条件极其复杂,被称作“地质博物馆”。低瓦斯、岩爆、软岩大变形、突泥涌水等地质灾害,给隧道施工带来了极大的困难。

        经过5年多的建设,二郎山隧道成为全省贯通的第二长高速公路隧道,通行时间从1小时缩短至15分钟,且避免了多雾、冰冻、降雪等危险。

        སྤྱི་ཟླ་9པའི་ཚེས་26ཉིན། འཛུགས་སྐྲུན་གྱི་དཀའ་ངལ་ཆེས་ཆེ་བའི་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་འདི་ནི་ཁོར་ཡུག་སྲུང་སྐྱོང་གཙོ་བོར་བཟུང་ནས་བསྐྲུན་པའི་ཕུག་ལམ་ཞིག་ཡིན་པ་དང་གཡས་གཡོན་གྱི་དོང་ལམ་ཕུག་མཇུག་བསྒྲིལ། ཞོགས་པའི་ཆུ་ཚོད་10པར་འུ་ལག་རི་བོའི་ཆེས་རིང་བའི་ཕུག་ལམ་གྱི་གཡས་དུང་གི་མཚམས་སུ་ཕུག་ལམ་གྱི་འགག་སྒོ་མཐའ་མ་དེ་གཏོར་ནས་ཕུག་མཇུག་བསྒྲིལ་བ་མཚོན་པ་དང་། དུས་དེ་ནས་བཟུང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གལ་ཆེའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་འུ་ལག་རི་བོའི་ཆེས་རིང་བའི་ཕུག་ལམ་དངོས་སུ་ཕུག་མཇུག་བསྒྲིལ།
        གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་གྱི་མིག་སྔར་སྐྲུན་བཞིན་པའི་མྱུར་བགྲོད་གཞུང་ལམ་ནང་གི་ཟམ་པ་དང་ཕུག་ལམ་ཆེས་མང་བའི་ལས་གཞི་ཞིག་ཡིན་པ་དང་། ལམ་རྒྱུད་ཀྱི་ཟམ་པ་དང་ཕུག་ལམ་ཕན་ཚུན་འབྲེལ་ནས་ཡོད་པས་ཁྱོན་བསྡོམས་ཟམ་ཆེན་129དང་ཕུག་ལམ་44ཡོད། སྤྱི་ལེ་13.4ཡོད་པའི་འུ་ལག་རི་བོའི་ཕུག་ལམ་ནི་ལས་གཞི་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་ཞིང་2012ལོ་ནས་ལས་འགོ་ཚུགས།

འུ་ལག་རི་བོའི་ཕུག་ལམ་མདོ་ཡི་མྱུར་བགྲོད་གཞུང་ལམ་ལས་པའི་ཡུལ་དངོས།
        ལོ་ངོ་60སྔོན་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་18པས་གཡག་རྔ་ནས་ལྷ་ས་བར་གྱི་གཞུང་ལམ་གསར་བསྐྲུན་བྱས་པ་དང་། གཞུང་ལམ་དེ་ལ་ཁྲོན་བོད་གཞུང་ལམ་ཟེར།
        1995ལོར་རིམ་པ་ཁག་གི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་འགྲིམ་འགྲུལ་པུའུ་ཡིས་འུ་ལག་རི་བོའི་ཕུག་ལམ་འཛུགས་སྐྲུན་ལེགས་སྒྱུར་གྱི་འཆར་གཞི་དངོས་སུ་ཆོག་མཆན་བཀོད་པར་མ་ཟད། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་དགུ་པའི་འཛུགས་སྐྲུན་ལས་གཞི་གཙོ་བོའི་ནང་བཞག 1999ལོའི་ཟླ་12པའི་ཚེས་7ཉིན་ཕུག་ལམ་དུ་རླངས་འཁོར་ཚོད་ལྟའི་ངང་ནས་ཤར་གཏོང་ཐུབ་པ་དང་། 2001ལོའི་ཟླ་བ་དང་པོའི་ཚེས་11ཉིན་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་བྱས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1