རང་རྒྱལ་གྱི་མི་གྲངས་ཆེས་ཉུང་བའི་ཤང་སྟེ་ཡུལ་སྨད་ཤང་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   སྤེལ་དུས། 10-31


 
          སྤྱི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ཡུལ་སྨད་ཤང་གི་ལས་བྱེད་མང་ཚོགས་དང་མཉམ་དུ་འདྲ་པར་བསྐྱོན་པ།
          སྤྱི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ནངས་སྔ་མོ་ནས་གཟབ་སྤྲས་བྱས་ནས་སྒུག་ཡོད།
          ཉིན་འགའི་སྔོན་དུ། སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ད་ལྟའི་བསྐལ་བ་བཟང་པོར་བཀའ་དྲིན་ཞུ་ཕྱིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་བསྐུར་པས། བསམ་ཡུལ་ལས་འདས་པ་ཞིག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་བྲེལ་ཆེ་ཡང་ཁོང་ཚོར་འཕྲིན་ལན་བསྐུར་བྱུང་པ་རེད།
          སྔ་དྲོའི་ཆུ་ཚོད་11སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྣམས་གཡང་འཛོམས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་མིང་སྲིང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ཡིག་གི་ནང་དོན་བརྒྱུད་བསྒྲགས་བྱས་པ་དང་། སྐབས་དེར་གཡང་འཛོམས་ཀྱི་ཁྱིམ་དུ་མི་ཚོགས་ཀྱིས་ཁེངས་ཡོད།

          ཡུལ་སྨད་ཤང་ནི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་ཡོད་ཅིང་རང་རྒྱལ་གྱི་མི་གྲངས་ཆེས་ཉུང་བའི་སྲིད་འཛིན་ཤང་དེ་ཡིན། ཤང་ཡོངས་སུ་ཁྱིམ་ཚང་9དང་མི་32ལས་མེད་པ་དང་ཞིང་འབྲོག་ཏང་ཡོན་མི་སྣ་9ཡོད།

སྤྱི་ཟླ་10པའི་ཚེས་29ཉིན། བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་ཚོས་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ་ཁ་བཏགས་ཕུལ་ནས་རྟེན་འབྲེལ་ཞུ་བཞིན་པ།

སྤྱི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ཨ་ཕའི་སྐུ་པར་བཟུང་ནས་དྲན་གསོ་ཞུ་བཞིན་པ།

སྤྱི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་དང་གཡང་འཛོམས་གཉིས།

སྤྱི་ཟླ་10པའི་ཚེས་29ཉིན། གཡང་འཛོམས་དང་ཁོང་གི་བུ་བསོད་ནམས་དོན་འགྲུབ་གཉིས། བསོད་ནམས་དོན་འགྲུབ་ནི་ཡུལ་སྨད་ཤང་གི་སློབ་ཆེན་པ་ཐོག་མ་དེ་ཡིན།

སྤྱི་ཟླ་10པའི་ཚེས་29ཉིན། སྒྲོལ་དཀར་གྱིས་ཁྱིམ་དུ་ཕྱུར་བ་སྐེམ་བཞིན་པ།

འདི་ནི་སྐབས་དེའི་ཡུལ་སྨད་ཤང་གི་ཤང་ཀྲང་སྒྲོལ་དཀར་གྱིས་ཤང་སྲིད་གཞུང་དུ་རྒྱལ་དར་སྒྲེང་བཞིན་པའི་རྣམ་པ་ཡིན།(2009ལོའི་ཟླ་9པའི་ཚེས་9ཉིན།)

སྒྲོལ་དཀར་དང་བྱིས་པ་རྣམས་རྩེད་མོ་ལ་རོལ་བ།(2005ལོའི་ཟླ་7པའི་ཚེས་6ཉིན།)

བོད་ལྗོངས་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་།(2017ལོའི་ཟླ་10པའི་ཚེས་29ཉིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1