ཆ་ཚང་མ་ཡིན་པའི་སྡོམ་རྩིས་ལ་གཞིགས་ན། 《གེ་སར》ནི་ལོ་རྒྱུས་མཚོན་པའི་ཁྱོན་བསྡོམས་སྙན་ངག་ཤོ་ལོ་ཀ་བརྒྱ་ཕྲག་ལྷག་དང་། ཡིག་འབྲུ་ཁྲི་ཉིས་སྟོང་ལྷག་ཡོད་ཅིང་། དེ་ནི་《དབྱི་ལི་ཡ་ཐེ》ཞེས་པ་དང་《ཨོ་ཏེ་ཤིའུ་ཅི་》ཞེས་པ། 《མ་ཧ་བྷ་ར་ཏ་》ཞེས་པ། 《ར་མ་ཡ་ཎ་》ཅེས་པ། 《ཅིར་ཀ་མེ་ཧྲི་》ཞེས་པ་སོགས་འཛམ་གླིང་ཐོག་གི་ལོ་རྒྱུས་མཚོན་པའི་སྙན་ངག་ཆེན་པོ་ལྔའི་སྡོམ་འབོར་ལས་རིང་བ་ཡོད་པ་རེད། ཀྲུང་གོས་2006ལོར་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོའི་ནང་བཀོད་པ་མ་ཟད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པ་རེད།
ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུད་ཧྲུའུ་ཅི་ཁྲེན་ཏ་ཡུན་གྱིས“རང་རྒྱལ་གྱི་《གེ་སར་》ཞེས་པའི་ལོ་རྒྱུས་མཚོན་པའི་སྙན་ངག་ཞིབ་འཇུག་ལས་དོན་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ཅིང་། རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ནང་དུ་འཕེལ་རྒྱས་ཀྱི་བག་ཉལ་སྟོབས་ཤུགས་ཆེན་པོ་ལྡན་པའི་རིག་གཞུང་ཚན་ཁག་ཅིག་ཏུ་གྱུར་ཡོད་པ་དང་།"《གེ་སར་》ནི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་གྲུབ་པའི་དཔའ་བོའི་ལོ་རྒྱུས་ཇི་མ་ཇི་བཞིན་མཚོན་པའི་སྙན་ངག་ཅིག་ཡིན་ཞིང་། བོད་རིགས་དང་སོག་རིགས། ཕུའུ་སྨི་རིགས། ཧོར་རིགས་སོགས་མི་རིགས་མི་འདྲ་བའི་མི་དམངས་ཀྱིས་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པས་ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི"གེ་སར་རྟེན་རྫས་བཤམས་མཛོད་ཁང"དུ་རྡོ་བརྐོས་དང་ཐང་ག འབག་བཅས་འགྲེམས་སྟོན་ཁུལ་གསུམ་དུ་བགོས་ཡོད་པ་དང་། སྒོ་ཁའི་བརྙན་འཕྲིན་སྟོན་ཤེལ་དུ་《གེ་སར་རྒྱལ་པོ་》ཡི་འགུལ་རིས་བརྙན་འཕྲིན་སྟོན་བཞིན་ཡོད། དེ་དག་ཁྲོད་ཀྱི་རྡོ་བརྐོས་འགྲེམས་སྟོན་ཁུལ་གྱི་སི་ཁྲོན་རོང་བྲག་རྫོང་མོ་སི་ཁ་གཙོ་བོར་བྱེད་པའི་གེ་སར་རྡོ་བརྐོས་མང་པོའི་ནང་དུ་གེ་སར་རྒྱལ་པོ་མཚོན་པའི་རྡོ་བརྐོས་30གདམ་གསེས་བྱས་ཏེ་འགྲེམས་སྟོན་བྱས་ཡོད་པ་མཐོང་བ་རེད། “མཐོང་ཚོར་གྱིས་སྐད་བརྡའི་ཚོད་འཛིན་ལས་བརྒལ་ཐུབ་པ་མ་ཟད། གེ་སར་རིག་གནས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱེད་པར་ཕན་ནུས་དེ་བས་ཆེན་པོ་ལྡན་ཡོད།” ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དབྱང་ཅ་མིང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གེ་སར་པར་རིས་རིག་གནས་བརྟག་དཔྱད་ཞིབ་འཇུག་བྱེད་འགོ་ཚུགས་པའི་རྗེས་སུ། གེ་སར་དང་འབྲེལ་བའི་བརྙན་རིས་དཔྱད་ཡིག་གཉིས་སྟོང་ལྷག་འཚོལ་སྡུད་བྱས་ཡོད་པ་དང་། དེ་རིང་སྒོ་ཕྱེ་བའི“གེ་སར་རྟེན་རྫས་བཤམས་སྟོན་ཁང”གིས་པར་རིས་རིག་གནས་དེ་གེ་སར་རིག་གནས་འགྲེམས་སྟོན་བྱེད་པའི་དཀར་ཁུང་ལྟ་བུ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།།