ཁ་གཏད་རོགས་སྐྱོར་བྱས་ཏེ། ར་ལམ་གྲོང་ཚོ་རྣམ་པ་གསར་པར་བསྒྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-17


གྲོང་ཚོའི་རྣམ་པ་གསར་དུ་བསྒྱུར་པས་གྲོང་མིའི་གདོང་དུ་འཛུམ་གྱིས་ཁེངས་པ།

        ཟླ་11པའི་ཟླ་སྟོད་དུ། འདབ་པ་རྫོང་འཇའ་རོང་ཤང་གི་ར་ལམ་གྲོང་ཚོར། ལུའུ་ཀྲོའུ་གྲོང་ཁྱེར་ནཱ་ཞི་ཁུལ་དུ་བཅའ་སྡོད་བྱས་པའི་བོད་སྐྱོར་ལས་བྱེད་པས་གྲོང་ཚོའི་རྡོ་གཅལ་ལམ་གྱི་ཞེང་ཚད་ཞིབ་ཚགས་འཇལ་བཞིན་ཡོད་ཅིང་། གྲོང་ཚོར་བཅའ་སྡོད་བྱས་པའི་ཧྲུའུ་ཅི་དང་པོ་ཀྲང་ཅེ་ཝེ་ཡིས། “གངས་ཀྱིས་ལམ་མ་འགག་གོང་ལ་ང་ཚོས་རྡོ་གཅལ་བཏིང་ཟིན་པ་བྱེད་རྒྱུ་རེད”ཟེར།
        ར་ལམ་གྲོང་ཚོ་ནི་འདབ་པ་རྫོང་གི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་། རྫོང་མཁར་དང་སྤྱི་ལེ་50ཡི་སར་ཡོད། བོད་ཀྱི་དཔེ་མཚོན་གྲོང་ཚོ་ཡིན་པ་དེར་ཐེམ་དུད་33དང་མི་གྲངས་186ཡོད་པ་རེད། 
        རྡོ་རྩིག་གི་བོད་ཁང་ནི་རི་ལ་བསྙེས་པ་བཞིན་བརྒྱབ་ཡོད་པ་དང་། ལག་འཇང་རོང་ཆུ་གྲོང་ཚོའི་ཉེ་འགྲམ་ནས་འབབ་པ་དང་། རྨོ་ཞིང་བཟང་ལ། འདབ་པའི་ཉི་སྟེང་ཡུལ་སྐོར་ལམ་ཡང་དེ་གར་ཡོད་ཅིང་། ཡུལ་སྐོར་གྱི་བཟང་ཆ་མངོན་གསལ་དོད་པོ་ཡོད།
        2016ལོའི་ཟླ་9པར། ལུའུ་ཀྲོའུ་གྲོང་ཁྱེར་གྱི་འདབ་པའི་རོགས་སྐྱོར་ལས་དོན་ཚོ་ཆུང་ཁག་བཞི་པས་ར་ལམ་གྲོང་ཚོ་དེ་ཁ་གཏད་དབུལ་སྐྱོར་དང་རོགས་སྐྱོར་དུ་བདམས་ཤིང་། ཕྱོགས་མང་ནས་མ་དངུལ་ཁྲི་300ལྷག་ཙམ་གྲབས་གསོག་བྱས་ཏེ། སྒོ་ཐེམ་དུ་འཁྱོལ་བའི་བགྲོད་ལམ་བཟོས་པ་དང་། གྲོང་མིའི་སྡོད་ཁང་ཁོར་ཡུག་ལེགས་བཅོས་དང་། ཡུལ་སྐོར་གྱི་སྒྲིག་བཀོད་འཛུགས་སྐྲུན། རྣམ་པ་གསར་སྐྲུན་བཅས་བྱས་པ་དང་། སྔོ་ཚལ་འདེབས་ར་དང་སྒོ་ཕྱུག་སྡོམ་གསོས་ཁྱབ་སྤེལ་བྱས་པ་རེད། ལོ་གཅིག་གི་རིང་འཛུགས་སྐྲུན་བྱས་པའི་རྗེས། འདམ་རྫབ་ཀྱི་ལམ་བུ་དེ་ཁོད་སྙོམས་གྱི་རྡོ་གཅལ་ལམ་བུར་གྱུར་པ་དང་། ལམ་ཟུར་གྱི་བོད་ཁང་མདུན་དུ་མེ་ཏོག་གིས་ཁེངས་ནས་ར་ལམ་གྲོང་ཚོ་དེར་རྣམ་པ་གསར་ཐོན་ཞིང་། བོད་ལུགས་ཀྱི་ཉམས་འགྱུར་ལྡན་པའི་རྣམ་པ་གསར་རྐྱང་དུ་གྱུར་པ་རེད། ད་ལྟ་ར་ལམ་གྲོང་ཚོས་ཡུལ་སྐོར་གྱིས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དགོས་པའི་ས་གནས་དེ་གའི་སྲིད་གཞུང་གི་བླང་བྱ་ལྟར། “གྲོང་ཚོ་ཡུལ་སྐོར་ལ་བརྟེན་ནས་འཛུགས་སྐྲུན་དང་། ཐོན་ལས་ཡུལ་སྐོར་ལ་བརྟེན་ནས་སྤེལ་བའི”བསམ་གཞི་ལྟར། མུ་མཐུད་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་མཐའ་འཁྱོངས་བྱེད་བཞིན་ཡོད། 
        རོགས་སྐྱོར་ལས་མི་ཚོས་རྨང་གཞིའི་སྒྲིག་བཀོད་ཙམ་མ་ཟད། གྲོང་ཚོར་གློག་རྡུལ་ཚོང་དོན་གྱི་ནུས་རྩལ་གསོ་སྐྱོང་ཡང་བྱས་ཏེ། ཁོང་ཚོར་གློག་རྡུལ་ཚོང་དོན་གཉེར་གཞིའང་འཛུགས་རོགས་བྱས་པ་དང་། ཆེད་ལས་ཀྱི་ཤེས་བྱ་རྒྱུད་སྤེལ་བྱས་ཏེ། “འཁྱེར་ཐབས་བྲལ་བའི་འཛུགས་སྐྲུན་དང་དོ་དམ་གྱི་ཆེད་ལས་པའི་དཔུང་ཁག”རྒྱུད་སྤེལ་སྣེ་ཁྲིད་དང་། གསོ་སྐྱོང་བྱེད་རོགས་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ལ་སྡོད་ཁོང་ཡོད་པ་མ་ཟད། འཚོ་བའང་བཟང་པོ་ཡོང་བར་བྱས་པ་རེད།
བོད་སྐྱོར་ལས་བྱེད་དང་ས་གནས་དེ་གའི་མང་ཚོགས་ཀྱིས་མཉམ་དུ་གྲོས་མོལ་བྱེད་པ།

ཁ་གཏད་རོགས་སྐྱོར་འོག་གྲོང་ཚོའི་དྲོད་ཁང་ནང་གི་སུར་པན་ལ་ལོ་ལེགས་བྱུང་བ།

བོད་སྐྱོར་ལས་བྱེད་གྲོང་ཚོ་དེ་ཡི་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲིར་སྐྱོད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1