《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
སྐབས་གཉིས་པའི"ཇོ་མོ་གླང་མའི་འཁྱགས་རོམ·བོད་ཀྱི་ཡུལ་སྲོལ་གོམས་གཤིས"ཞེས་པའི་པར་ལེན་འགྲན་བསྡུར་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འབྲས་ཁྱབ་བསྒྲགས་བྱས་པ་ལྟར། ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས་པའི་《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) ལ་སྐབས་འདིའི་པར་ལེན་འགྲན་བསྡུར་གྱི་བྱ་དགའ་མཐོ་ཤོས་ཐོབ།
བརྩམས་ཆོས་《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) ཡིས་དངོས་ཟིན་བརྙན་ཕབ་ཀྱི་ཐབས་ཤེས་སྤྱད་ནས། བོད་ལྗོངས་ལྷོ་ཁ་སྣ་དཀར་རྩེ་རྫོང་བདེ་བ་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱིས་ཉེན་ཁ་དང་རེ་བས་ཁེངས་པའི་དགུན་དུས་སུ་ལུག་ཁྱུ་དེད་ནས་རུ་སྤོ་བའི་ཧང་སངས་པའི་རྣམ་པ་པར་བླངས་ཡོད།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
རྒྱུས་ལོན་བྱུང་བ་ལྟར་ན། འདི་ལྟར་འབྲོག་པའི་རུ་སྤོས་ནས་ཕྱུགས་འཚོ་བ་ལ་ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་ལོ་རྒྱུས་ཡོད། ལོ་རེའི་མདོ་དབུས་མཐོ་སྒང་གི་གནམ་གཤིས་གྲང་ངར་ཆེ་བའི་དགུན་དུས་སུ། "ལྷ་མོའི་མིག་ཆུ"རུ་འབོད་པའི་བོད་ལྗོངས་ཕུ་མ་གཡུ་མཚོ་འཁྱགས་དར་ཀྱིས་བཟུང་སྐབས། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ཁ་བས་གཡོགས་པའི་གཡུ་མཚོའི་འཁྱགས་དར་སྟེང་ལུག་ཁྱུ་དེད་ནས་མཚོ་སྙིང་གི་གླིང་ཕྲན་དུ་ཕྱིན་ནས། དཔྱིད་མ་ཚུགས་གོང་གླིང་ཕྲན་སྟེང་གི་ཕྱུགས་རྩྭ་ལ་བརྟེན་ནས"སྐྱ་ཟད་སྔོ་ཐུག"གི་དུས་སྐབས་རོལ་བ་ཡིན། ཕུར་བུ་བཀྲ་ཤིས་ཀྱི་《འཁྱགས་མཚོའི་སྟེང་རུ་སྤོ་བ》ཡི་པར་ཚོམས་ཀྱིས་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་དགུན་དུས་དཀའ་ཚེགས་ཆེ་ཞིང་མཛེས་སྡུག་ལྡན་པའི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ཇི་མ་ཇི་བཞིན་སྒྱུ་རྩལ་གྱི་ལམ་ནས་ལྟད་མོ་བར་ཕུལ་བས། མི་རྣམས་ལ་ཧང་སངས་པའི་ཚོར་སྣང་སྐྱེས་འོངས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
《འཁྱགས་མཚོའི་སྟེང་རུ་སྤོ་བ།》 (པར་ཚོམས།) པར་བ་ཕུར་བུ་བཀྲ་ཤིས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་ཚོགས་ཀྱི་མཐའ་མའི་དཔྱད་འདེམས་ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་ཁྱོན་བསྡོམས་བརྩམས་ཆོས་14ཡི་པར་གྲངས་32ལ་བྱ་དགའ་ཐོབ།