རྔ་ཁུལ་དུ་ཕྱི་གྲང་བས་གཙེས་ཀྱང་ནང་དྲོད་ཀྱིས་བལྟམས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-28


        ཉེ་སྔོན། རྔ་ཁུལ་གྱི་ས་ཆ་སོ་སོར་ཁ་བ་ཆེན་པོ་བབས་ནས་གྲང་ངར་ཤུགས་ཀྱིས་ལྡང་བ་དང་། གཞུང་ལམ་རེ་རེ་ཁ་བས་མནན་ནས་འགྲུལ་བཞུད་ཀྱི་ལམ་བུ་བཀག་པ་ན། གྲང་ངར་གདོང་གིས་བསུས་པའི་ཉེན་རྟོག་པ་དང་མེ་གསོད་རུ་ཁག དམག་མི་སོགས་ཀྱིས་ཉིན་མཚན་མེད་པར་ཁ་བ་ཕྱགས་ནས་འགྲུལ་བཞུད་ཀྱི་བཀག་རྡོ་བསལ་ནས། ལམ་འགྲོ་བ་རེ་རེའི་ནང་སེམས་པ་དྲོད་ཀྱིས་བརླན་ནས་རང་ཡུལ་དུ་ལོག་འགྲོ།

        རང་ཁུལ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བར་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བའི་སྒང་འདིར། རྔ་བ་དྲག་དཔུང་ཉེན་རྟོག་ཡན་ལག་རུ་ཁག་གི་དཔོན་དམག་རྣམས་ཀྱིས་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་བསམ་པ་ཡིད་ལ་བཅགས་ནས། ལིས་རྫོང་མྱག་ལོའི་ལམ་རྒྱུད་ཀྱི་ལམ་ཐོག་གི་ཁ་བ་ཕྱགས་ནས་གཞུང་ལམ་ཤར་གཏོང་བྱས། 

        ཉིན་གཉིས་རིང་ལ་ཁ་བ་བབས་པས་ཚལ་ཕྲན་ཉག་ཁའི་ལམ་རྒྱུད་ནས་རླངས་འཁོར་མང་བོ་མར་ཡར་དུ་ཞུད་ནས་འགྲོ་ལམ་བཀག་པ་ན། ཧུང་ཡོན་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཡུལ་དངོས་སུ་ཐོན་ནས་ཉིན་མཚན་དབྱེར་མེད་དུ་གཞུང་ལམ་ཤར་གཏོང་ལ་རེམ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1