ཆའང་རིགས་རིག་གནས་བརྒྱུད་སྦྱོང་འཛིན་གྲྭ་མའོ་རྫོང་དུ་བསྡུས།

བསྟན་འཛིན་དབང་གྲགས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-28


        ཉེ་སྔོན། རང་ཞིང་གིས་བསྒྲུབ་པའི་རྒྱལ་ཁབ་རིམ་པའི་ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་ཆའང་སྐད་བརྒྱུད་སྦྱོང་འཛིན་གྲྭ་དང་ཆའང་རིགས་ཀྱི་ངག་བརྒྱུད་ལོ་རྒྱུས་སྙན་རྩོམ་བརྒྱུད་སྦྱོང་འཛིན་གྲྭ་སྐབས་དང་པོ་མའོ་རྫོང་དུ་བསྡུས།
        ཐེངས་འདིའི་བརྒྱུད་སྦྱོང་འཛིན་གྲྭའི་གསབ་སྦྱོང་དུས་ཡུན་ཉིན་ལྔ་ཡིན་ལ། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལས་དོན་ལོ་མང་པོར་བསྒྲུབ་མྱོང་བའི་དགེ་རྒན་བདུན་གདན་འདྲེན་བྱས་ཡོད་པ་མ་ཟད། ཆའང་རིགས་རིག་གནས་ལ་ཞིབ་འཇུག་བྱེད་མྱོང་བའི་ཆེད་ལས་དགེ་རྒན་གྱིས་སློབ་ཁྲིད་གནངས་པ་རེད།སློབ་ཐུན་ལ༼ཆའང་རིགས་ཀྱི་ངག་བརྒྱུད་ལོ་རྒྱུས་སྙན་རྩོམ་གྱི་གནད་བསྡུས་སྙིང་དོན༽དང༼ཆའང་རིགས་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང༽༼ཆའང་སྐད༽སོགས་སློབ་ཚན་བདུན་བཀོད་སྒྲིག་བྱས་ཡོད་པ་དང་། གསབ་སྦྱོང་སློབ་མ་དག་རྒྱལ་ཁབ་རིམ་པའི་ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ནས་ཡོང་བ་རེད། གཙོ་བོ་མའོ་རྫོང་དང་ཝུན་ཁྲོན། ལིས་རྫོང་། ཟུང་ཆུ། པེ་ཁྲོན། ཁྱུང་ལེ་གྲོང་ཁྱེར། སན་ཤིས་ཞིང་ཆེན་ལེན་ཆང་རྫོང་། ལོ་ཡང་རྫོང་སོགས་གྲོང་ཁྱེར་དང་རྫོང་ཁག་བརྒྱད་ནས་ཡོང་བའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་བ། སློབ་གྲྭའི་སྐད་གཉིས་དགེ་རྒན།ཆའང་རིགས་རིག་གནས་ཞིབ་འཇུག་མི་སྣ་དང་རིག་གནས་སྡེ་ཁག་གི་ལས་བཟོ་བ།ཆའང་སྐད་ལ་མོས་པ་ཅན་སོགས་ཡིན། 
        མའོ་རྫོང་རྫོང་རིམ་པའི་སྲིད་པ་རྒྱུན་འཛིན་པ་ནེའུ་ཀྲིན་ཨའོ་ཡིས་བཤད་རྒྱུར། ལོ་རྒྱུས་སྙན་རྩོམ་རྒྱུན་འཛིན་འཛིན་གྲྭ་ལྟ་བུར་མཚོན་ན། སི་ཁྲོན་ཞིང་ཆེན་གྱིས་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་འདུག ཕྱོགས་བཞི་མཚམས་བརྒྱད་ཀྱི་སྲིད་པའི་རྒྱུན་འཛིན་པ་དག་མའོ་རྫོང་དུ་ཡོང་ནས། རིག་གནས་བརྗེ་རེས་དང་སྲིད་པའི་རིག་གནས་བརྗེ་རེས་བྱེད་ཐུབ་པ་ནི་ངོ་མ་དགའ་འོས་པ་ཞིག་རེད། མི་ཚེ་འདིར་གོ་སྐབས་འདི་འདྲ་དཀོན་པོ་རེད། ང་ན་ཆུང་ཞིག་ཡིན་པའི་ངོས་ནས། སྲིད་པའི་རིག་གནས་འདི་སྔར་བས་དར་སྤེལ་གཏོང་བའི་འོས་འགན་ཡོད་པ་རེད་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1