ཅང་ཞི་ཞིང་ཆེན་ནང་ཁུལ་གྱི་ཀྲུང་གོའི་ཚྭ་མེད་མཚེའུ་ཆེ་ཤོས་ཕོའོ་དབྱང་མཚེའུ་ནི་ཨ་ཤེ་ཡར་དགུན་དུས་སུ་དུས་བྱ་གནས་སྤོས་བྱེད་ཡུལ་ཆེ་ཤོས་ཡིན་པ་དང་། ལོ་རེའི་ཟླ་11པའི་ཟླ་མཇུག་ནས་ཟླ་12པའི་ཟླ་སྟོད་དུ། དུས་བྱ་ཁྱུ་དང་ཁྱུ་བསྒྲིགས་ནས་གནས་འདིར་ཡོང་བ་རེད། ཅང་ཞི་ཞིང་ཆེན་ནགས་ལས་པུའུ་ཡིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལྟའི་ཕོའོ་དབྱང་མཚེའུ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ནང་ཁོངས་ཀྱི་དུས་བྱ་ཁ་གྲངས་ཕལ་ཆེར་ཁྲི་33ལྷག་ཙམ་དང་། དུས་བྱ་རིགས་48ལྷག་ཙམ་ཡོད་པ་རེད།།