བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ངག་གསུང་དངོས་བཀོད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-07


        ཉེ་ཆར། བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ངག་གསུང་དངོས་བཀོད་ཅེས་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།  དེ་ནི་བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ངག་ནས་གསུངས་པའི་གནས་ཚུལ་དངོས་སུ་བཀོད་པའི་དེབ་ཐོག་མ་དེ་ཡིན།  དེབ་དེའི་ནང་བརྙན་པར་སོགས་བརྒྱུད་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་རིག་གཞུང་གྲུབ་འབྲས་ཕྱོགས་ཡོངས་ནས་བཀོད་ཡོད་པས། བོད་ཀྱི་མངོན་མིན་ཤུལ་ཞག་རིག་གནས་ཞིབ་འཇུག་བྱེད་རྒྱུར་དཔྱད་གཞིའི་རིན་ཐང་ཅུང་ཆེན་པོ་ལྡན་ཡོད།
        ཤེས་རྟོགས་བྱས་པར་གཞིགས་ན།  མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ངག་ནས་གསུངས་པའི་གནས་ཚུལ་དངོས་བཀོད་དེབ་དེ་ནི་སྤྱི་ལོ2013ལོའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཞིག་རེད།  ལོ་གསུམ་རྟོགས་ཞིབ་བྱས་རྗེས་ཡིག་རིགས་དང་པར་རིས།  བརྙན་ལམ་བཅས་ཀྱི་རྣམ་པ་བརྒྱུད་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ22ལ་དམངས་ཁྲོད་མཛེས་རྩལ་དང་རོལ་དབྱངས།  གླུ་གར།  ལྷ་མོ།  མི་རིགས་ལག་ཤེས་བཟོ་རྩལ།  བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཀྱི་བཅར་འདྲིའི་ནང་དོན་ཞིབ་ཕྲ་བཀོད་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1