ཁམས་པའི་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱེད་པ་དང་། སི་ཁྲོན་ཤམ་བྷ་ལ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་ཁྲེན་ཏུའུ་ཧྥུ་ལེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ཡིས་གཉེར་འགན་ཁུར་ཞིང་། དམིགས་ཡུལ་ནི་རྒྱ་ཆེའི་བོད་ཀྱི་གླུ་གཞས་ལེན་པར་དགའ་པོ་ཡོད་མཁན་ཚོར་གླུ་གཞས་ལེན་པའི་ནུས་རྩལ་སྟོན་པའི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ངོམ་སྟོན་སྟེགས་བུ་ཞིག་བསྐྲུན་རྒྱུ་དང་། ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་བོད་ཀྱི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་ལ་ཤར་གཏོང་བྱེད་རྒྱུའི་སྟེགས་བུ་ཞིག་བསྐྲུན་རྒྱུ་རེད།
《བོད་ཀྱི་ལོ་གསར་མཉམ་སྤྲོའི་དགོང་ཚོགས། ང་སླེབས་ཡོད་》ཞེས་པ་འགྲན་བསྡུར་འགོ་ཚུགས་པའི་ཉིན་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པ་དང་རྒྱ་ཆེ་བའི་བོད་ཀྱི་གླུ་གཞས་ལེན་པར་དགའ་པོ་ཡོད་མཁན་ཚོས་ཧུར་བརྩོན་ངང་ཞུགས་པ་རེད། དེ་སྔོན་དྲ་ཐོག་ནས་མང་འདེམས་དང་དེ་བཞིན་《ཀྲུང་གོའི་བོད་གླུ་》ལས་མཚམས་སྦྱོར་བྱས་པར་བརྒྱུད། ཁྱོན་བསྡོམས་གླུ་པ་30བདམས་ཐོན་བྱུང་ཡོད་པ་རེད། དེ་ནས་ངོ་མཚར་ཆེ་བའི་འགྲན་བསྡུར་བྱས་པར་བརྒྱུད། མཐའ་མཇུག་ཏུ་གླུ་པ་བཅུ་རིམ་འཕར་བྱུང་ཡོད་པ་རེད།།