ཞིང་ཆེན་གྱི་དབུལ་སེལ་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ཉི་ཤུ་པ་ཚོགས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15
ཞིང་ཆེན་དབུལ་བྲལ་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གིས་ཟླ་12པའི་ཚེས་13ཉིན་གྲོས་ཚོགས་ཐེངས་ཉི་ཤུ་པ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཝང་ཏུང་མིང་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་འཛིན་པ། འགོ་ཁྲིད་ཚན་ཆུང་གི་འགོ་འཛིན་དབྱི་ལི་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་གཞོན་པ་ཏེང་ཞའོ་ཀང་གྲོས་ཚོགས་ཁྲོད་དུ་ཞུགས།
གྲོས་ཚོགས་ཐོག་ད་ལོའི་དབུལ་སེལ་འགག་སྒྲོལ་གྱི་མཇུག་བསྡུའི་བྱ་བ་ཁག་ནན་ཏན་གྱིས་དམ་འཛིན་བྱས་ཏེ། ད་ལོའི་ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁག་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོངས་བར་འགན་ལེན་བྱེད་པ་དང་། ནན་ཏན་སྒོས་རྒྱལ་ཁབ་ཀྱིས་རྣམ་གྲངས་སོ་སོའི་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱེད་པར་སྣེ་ལེན་བྱེད་པ་དང་། ཁྱོན་ཡོངས་ནས་དཔེ་བསྡུར་བྱས་ནས། རྣམ་གྲངས་སོ་སོའི་བྱ་བ་ཁག་རྒྱལ་ཁབ་ཀྱི་བླང་བྱ་དང་བསྟུན་པར་ཁག་ཐེག་བྱས་ཏེ། དོན་དངོས་ཐོག་ལག་ལེན་གྱི་ཞིབ་དཔྱད་ཐུབ་པ་དང་། མི་དམངས་ཀྱི་འདོད་བློ་ཚིམས་པར་བྱ་དགོས་ཅེས་ནན་གྱིས་བསྟན།།