ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་གི་ཚོགས་འདུ་འཚོགས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-19
ཉེ་ལམ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་ལེའུ་གཉིས་པར་གཅིག་བསྡུས་སྒོས་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུང་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་སློབ་སྦྱོང་ལ་ཞུགས།
ཝང་ཏུང་མིང་གིས་གཏམ་བཤད་ཀྱི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་ལེའུ་གཉིས་པ་དང་དེའི་སྔོན་དུ་དཔེ་སྐྲུན་བྱས་ཚར་བའི་ལེའུ་དང་པོའི་བར་ལ་གཅིག་རྒྱུན་གཅིག་འཛིན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་བསམ་བློ་དང་རིག་པའི་གཞུང་ལུགས་ཧྲིལ་བོ་ཞིག་ཆགས་ཡོད་པ་དང་། དེས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་འཕེལ་རྒྱས་ཀྱི་གོ་རིམ་དང་ནང་དོན་གཙོ་བོ།དགོངས་དོན་གྱི་ངོ་བོ་བཅས་མངོན་ཡོད་པ་རེད། དེ་བས་བརྩམས་ཆོས་གལ་ཆེན་འདི་གཉིས་ལ་སློབ་སྦྱོང་བྱེད་པ་དམ་འཛིན་བྱ་རྒྱུ་ནི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། བརྟན་བརླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲག་ཆས་སྤྲས་པ་དང་། ལག་ལེན་དངོས་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་མེད་དུ་མི་རུང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལེགས་པའི་སྒོ་ནས་འགན་འཁྲི་ཕྲག་ཏུ་ཁུར་བའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན་པ་རེད་ཅེས་གསུངས།།