ཟླ་12ཚེས་23ཉིན། 《རྟེན་འབྱུང་སྟེ། ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམ་སྟོན་》ཞེས་པ་པེ་ཅིང་དུ་འགྲེམ་འགོ་བརྩམས་ཤིང་། འགྲེམ་སྟོན་དུ་རྒྱལ་ཁབ་ཕྱི་ནང་གི་ཧི་མ་ལ་ཡའི་སྒྱུ་རྩལ་གསོག་ཉར་སྡེ་ཁག་དང་གསོག་ཉར་མཁན་གྱིས་གསོག་ཉར་བྱས་པའི་སྒྱུ་རྩལ་བརྩམས་ཆོས་བརྒྱ་ཕྲག་ཙམ་བཀྲམ་ཡོད་ལ། དེ་དག་ནི་དུས་ཡུན་རིང་བ་དང་རིགས་སྣ་མང་བས། ས་གནས་མི་གཅིག་པའི་མཚོད་བྱེད་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་འདུས་ཡོད་པ་རེད།།