འབུ་སྦྲང་ཐོན་ལས་སྤེལ་ནས་བདེ་སྐྱིད་འཚོ་བ་བསྐྲུན། 

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-27


        2016ལོར་ཕུའུ་ཅང་རྫོང་གིས་ཁྲེང་ཏུའུ་སྨི་སུམ་སྟོང་ལྡན་པའི་སྦྲང་མའི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ་ལྕགས་ཟམ་རྫོང་དུ་སྦྲང་མའི་ཐོན་ལས་འཕེལ་རྒྱས་བཏང་ཡོད། ད་ལོར། དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་དབུལ་ཕོངས་དུད་ཚང་12ཀྱི་ནང་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5084དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་1426ཐོབ་ཡོད་ཅིང་། རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་38ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཀྱང་སྒོར་18000ཐོབ་ཡོད།
        ཉེ་ཆར། ལྕགས་ཟམ་རྫོང་ཏེ་ཝེ་ཤང་ཆི་མུ་ལེ་གྲོང་སྡེའི་དབུལ་ཕོངས་དུད་ཚང་ཝང་ཡིའུ་ཚའེ་ཡིས་ཡུལ་སྐོར་བར་སྦྲང་རྩི་བཙོངས་རྗེས་ལག་ནས་སྒོར་མོ་རྩིས་ཞོར་དུ་གངས་དཀར་སྦྲང་རྩིའི་སྤུས་ཀ་ངོ་མ་ཡག་པོ་རེད། སྦྲང་རྩི་མང་ལ་འཚོ་བཅུད་ཀྱི་རིན་ཐང་ཆེ་བས་ཉོ་མི་ཡང་མང་པོ་འདུག སྦྲང་སྒམ་15ཡི་ནང་སྦྲང་རྩི་ལེན་ཐེངས་རེར་སྒོར་8000ལྷག་རག་ཐུབ། ད་ལོར་མ་མཐར་ཡང་ཡོང་འབབ་སྒོར་ཁྲི་2ཙམ་རག་ཐུབ་རྒྱུ་ཡིན་པས་དབུལ་ཕོངས་ཞྭ་མོ་ཡང་ཕུད་ཐུབ་ངེས་རེད་ཅེས་བཤད།  ཁྲེང་ཏུའུ་སྨི་སུམ་སྟོང་ལྡན་པའི་སྦྲང་མའི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་དབུལ་སྐྱོར་གནད་སྨིན་གྱི་སྦྲང་མའི་གསོ་ཚགས་ལས་གཞི་ཡིས་ཝང་ཡིའུ་ཚའེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་ཐོག་ཁྲིད་ཡོད་ཅིང་། སྤྱི་གཉེར་ཁང་འདི་ནི་ཕུའུ་ཅང་རྫོང་ཨུ་དང་སྲིད་གཞུང་གིས་ནང་འདྲེན་བྱས་ཤིང་། ལས་གཞི་འདིར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1054བཏང་ནས་ལྕགས་ཟམ་རྫོང་དུ་གངས་དཀར་སྦྲང་རྩའི་གསོ་སྤེལ་རྟེན་གཞི་1བཙུགས་པ་རེད། ལོ་ལྔའི་ནང་གངས་དཀར་སྦྲང་ཚང་10000གསོ་སྤེལ་བྱས་ཏེ་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་38ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བར་རྒྱབ་སྐྱོར་དང་དབུལ་ཕོངས་དུད་ཚང་800དང་། དབུལ་པོ་3200དབུལ་ཐར་བྱེད་རོགས་བྱས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པས་མ་ཚད་སྦྲང་ཚང་100ཡན་ཡོད་པའི་དཔེ་སྟོན་དུད་ཚང་40གསོ་སྤེལ་བྱས་ཡོད་ཅིང་།  ལོ་རེར་སྦྲང་རྩི་ཏུན་200ཡོང་བ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་3360ལ་ཟིན་པ་རེད།
        ལས་གཞི་འདིས་ལྕགས་ཟམ་རྫོང་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་ཡོང་འབབ་རྒྱུན་མཐུད་འཕར་སྣོན་བཏང་བ་དང་། 2017ལོ་ནས2018ལོའི་ནང་དབུལ་ཐར་བྱ་དགོས་པའི་དབུལ་ཕོངས་གྲོང་སྡེ་38ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་པ་རེད། ལས་གཞི་སྤེལ་སྟངས་ཐད་སྤྱི་གཉེར་ཁང་དང་གསོ་སྤེལ་རྟེན་གཞི། གྲོང་སྡེའི་ཐུན་མོང་དཔལ་འབྱོར།  ཞིང་དུད་བཅས་ཕན་ཚུན་མཉམ་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད། ཁེ་ལས་དང་གསོ་སྤེལ་དུད་ཚང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་བཅས་ཀྱི་བར་ལ་གྲོས་མཐུན་བཞག་ནས་སྦྲང་རྩི་རྒྱ་མ་རེར་སྒོར་30སྤྲད་རྒྱུ་དང་ཞིང་དུད་རང་གིས་བཙོང་ཡང་ཆོག་པར་བྱས་ཡོད་པ་རེད།  ཐོན་ལས་འཕེལ་རྒྱས་ལ་འགན་སྲུང་དང་དབུལ་ཕོངས་དུད་ཚང་དང་ཐུན་མོང་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཕུའུ་ཅང་སྲིད་གཞུང་དང་ལྕགས་ཟམ་རྫོང་། ཁེ་ལས། མང་ཚོགས་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་བཅས་ཕྱོགས་བཞི་ནས་མ་དངུལ་ཏོག་ཙམ་སྤྲད་རྒྱུའི་དབུལ་སྐྱོར་བྱེད་ཐབས་སྤྱད་ནས་ནུས་ཤུགས་གང་ཡོད་ཀྱིས་དབུལ་ཕོངས་དུད་ཚང་དབུལ་ཐར་ཡོང་བ་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་རོགས་སྐྱོར་ཧུར་ཐག་བྱས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།  2016 ལོའི་ཟླ་བ་11 པ་ནས་བཟུང་། ཕུའུ་ཅང་དང་ལྕགས་ཟམ་ས་ཁུལ་གཉིས་ཀྱི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག  ཁེ་ལས་སོགས་ཀྱིས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་མཐར་ཁྲེང་ཏུའུ་སྨི་སུམ་སྟོང་ཡོད་པའི་སྦྲང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ལས་ཡུལ་དངོས་སུ་རྟོག་ཞིབ་ཐེངས་མང་བྱས་རྗེས། ལྕགས་ཟམ་རྫོང་ཞི་བདེ་གྲོང་སྡེའི་མཐུན་སྒྲིལ་གྲོང་སྡེར་གངས་དཀར་སྦྲང་ལས་གསོ་སྦྱོང་རྟེན་གཞི་སྤེལ་རྒྱུའི་ཐག་བཅད་པ་རེད།  མིག་སྔའི་བར། རྟེན་གཞི་དེར་སྦྲང་ཚང་1000ཡོད་པ་དང་སྦྲང་གསོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་2བཙུགས་ཡོད། རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་38ཀྱི་ཐུན་མོང་དཔལ་འབྱོར་དོ་དམ་ལས་ཚབ་པ་དང་སྦྲང་གསོ་དུད་ཆེན་ཁྱོན་བསྡོམས་མིའི་ཐེངས་གྲངས་168ལ་གསོ་སྦྱོང་བྱས་ཡོད། རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་38ཀྱི་ཐུན་མོང་དཔལ་འབྱོར་ལ་སྦྲང་ཚང་15རེ་སྤྲད་ནས་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་ཡོངས་ལ་ཁྱབ་པར་བྱས་ཡོད། རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ་38ཀྱི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རེས་སྒོར་18000རག་ཡོད་པ་དང་། 2017ལོར་དབུལ་ཞྭ་ཕུད་པའི་དབུལ་ཕོངས་དུད་ཚང་12ཡོད་ལ་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་5084དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1426ལ་སླེབས་པས་ལྕགས་ཟམ་རྫོང་གི་2016ལོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆ་15.87ལ་ཟིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1