བསྡོམས་རྩིས་བྱས་པ་ལྟར་ན། 2017ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དུ་བསྡོམས་པས་དྭ་ཕྲུག་གཅིག་བསྡུས་གསོ་སྐྱོང་སྡེ་ཁག11བཙུགས་ཡོད་ཅིང་། དྭ་ཕྲུག5711གཅིག་བསྡུས་ངང་གསོ་སྐྱོང་བྱེད་བཞིན་ཡོད། 2013ལོ་ནས་2015ལོའི་བར་དུ། བོད་ལྗོངས་སྲིད་གཞུང་གིས་སྔ་གཞུག་ཏུ་ཡིག་ཆ་གཏན་འབེབས་བྱས་ཏེ། དྭ་ཕྲུག་གཅིག་བསྡུས་གསོ་སྐྱོང་བྱེད་པའི་སྡེ་ཁག་བཀོད་སྒྲིག་དང་། མི་སྣ་སྡེབ་སྒྲིག འགྲོ་གྲོན་འགན་སྲུང་བཅས་ཀྱི་ཕྱོགས་ནས་གཏན་ཁེལ་གསལ་བོ་བྱས། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་རིགས་གཉིས་པའི་ས་ཁུལ་དུ་མི་རེར་ཟླ་རེར་སྒོར1000རེ་ཡོད་པ་དང་། རིགས་བཞི་བའི་ས་ཁུལ་དུ་མི་རེར་ཟླ་རེར་སྒོར1350རེ་ཡོད་པ་རེད།
འདི་ནི་ཟླ12པའི་ཚེས24ཉིན་བོད་ལྗོངས་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་དགུང་ཟས་ཟ་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་དགུང་ཟས་ཟ་བཞིན་པའི་ཚུལ་རེད།