ཁྱིམ་དུ་ལོག་པ། (ཞར་བཀོད་གཅིག)
ཧོར་ནག་པ་འདྲེ་མིག (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ཁྱིམ་དུ་ལོག་པ། (ཞར་བཀོད་གཅིག)
ཧོར་ནག་པ་འདྲེ་མིག (རྨ་ལྷོ)
གཙང་པོ་རྒྱ་མཚོར་འབབ་དུས
མཁའ་ལ་ལྡིང་བའི་སྤྲིན་པ་དག་གི་རང་གཟུགས་རྙེད
གདུང་བའི་རི་ལ་ཁེར་རྐྱང་གི་ན་བུན་འཁོར་དོན
རང་ཉིད་ལ་མཛེས་སྡུག་གི་ཁྱིམ་ཚང་ཞིག་ཡོད་པ་དེ་བཞིན
རི་རབ་དང་ཐང་ཆེན་བརྒལ་ནས་འགྲོ
གྲོག་རོང་དང་གཡང་གཟར་མཆོང་བར་སྤོབས
མཐའ་མཇུག་གི་རྨི་ལམ་འོད་གསལ་ལ་འཁོར་དུས
མི་ཡུལ་གྱི་ནག་ནོག་དང་ལྗན་ལྗིན་ཡོད་ཚད་རང་གིས་འཁུར་ཏེ
ཆེས་དག་གཙང་གི་རླངས་པར་འགྱུར་རྒྱུ་དེའོ
མཁའ་དབྱིངས ཡོད་ཚད་ཁྱེད་ལ་ཕྱོགས་དུས
འཇིག་རྟེན་འདིར ང་ལ
རེ་བ་སྤུ་ཉག་ཙམ་ཡང་མེད་ལ
དོགས་པ་ནི་དེ་བས་ཀྱང་ངོ
༢༠༡༥.༦.༡༣
བྱམས་བརྩེ།
མཐའ་དབེན་ཞིང
དཀྱིལ་མེད་ལ
ཁོར་ཡུག་དང་དུས་ཚོད
གང་གི་ཁོངས་སུའང་མི་གཏོགས་པའི
བར་སྣང་ཁམས