ནམ་མཁའ་ཐེད་པོ།
དུང་བུ་ཆོས་འབུམ་རྒྱལ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ནམ་མཁའ་ཐེད་པོ།
དུང་བུ་ཆོས་འབུམ་རྒྱལ།(ཟི་ལིང)
ང་ཚོས་བར་སྣང་གི་མཁའ་དབུགས་ལ་ཆགས་སྡང་གི་སྐད་ཆ་ཁོ་ན་བསྒོས་ནའང
ནམ་མཁའ་འདི་སྔོ་ཞིང་བསངས
སྤྲིན་པ་ལས་དབུལ་ཕོངས་ཀྱི་ཆུ་ཐིགས་འགའ་འཛར་སྲིད་པ་མ་གཏོགས
སྔར་བཞིན་དཀར་ལ་ཡངས
ནམ་མཁའ་འདི་སྔོ་ཞིང་བསངས་ནའང
སྙན་ཞུའི་ཁྲོད་ཀྱི་ས་གཞི་ལ་དྲོད་གཤེར་རྒྱས་སུ་འཇུག་དཀའ
ཐ་ན ངའི་ཞེ་སྡང་གི་སྨུག་མགོ་དྭངས་འགྲོ་ཡང
ཉི་འོད་མཐོང་དཀོན་པ་ལ་འབྲེལ་བ་ཅི་ཡོད
ང་ཚོ་ནམ་མཁའ་འདི་གཅིག་པུའི་འོག་ཏུ་འཚོ་ཞིང
སྔུན་གྱི་ས་ཁྲ་དག་ཧ་ཅང་ཞིབ་མོད
ལས་སྐལ་གྱིས་བོར་བའི་ལམ་ཕྲན་དག
སུ་ཞིག་གི་རྐང་རྗེས་ཀྱིས་དབུལ་ཏེ་རྒྱང་ལ་འཐེན་ཡོད
རླུང་བུ་ལ་སོ་ཐོགས་པས་ཡིན་ནམ
རི་རབ་དང་གཙང་པོ་སུ་ཞིག་གི་ཟས་ལྷག་ལྟར་མངོན་དུས
ང་ཚོས་མེད་མུག་གི་གླེགས་བམ་དུ
ནམ་མཁའ་བྲིའམ སྤྲིན་དཀར་བྲི
ཡང་ན འཛུགས་སྐྲུན་གྱི་བཟོ་བཀོད་བྲི་དགོས
༢༠༡༥.༤.༢ཉིན་མཚོ་བྱང་ནས།