སྤྱི་ཚོགས་ནི་ཁ་ལེབ་མེད་པའི་ཟངས་རྒན་ཞིག་རེད།
བོང་སྟག་རི་ལུ། (མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
སྤྱི་ཚོགས་ནི་ཁ་ལེབ་མེད་པའི་ཟངས་རྒན་ཞིག་རེད།
བོང་སྟག་རི་ལུ། (མཚོ་ནུབ)
སྤྱི་ཚོགས་ནི་ཁ་ལེབ་མེད་པའི་ཟངས་རྒན་ཞིག་རེད
ཟངས་རྒན་དེའི་ནང་དུ
ཚག་ཚག་གི་སྒྲ་དང་བཅས་མི་རྣམས་བརྔོ་ཡིན་ཡོད
མི་སྐོར་ཞིག་གིས
རང་ཉིད་རྔོད་ཀྱིན་པ་གཏན་ནས་ཤེས་ཀྱིན་མེད
གཞན་གྱིས་རྔོད་ཀྱིན་པ་དེ་བས་ཀྱང་ཤེས་ཀྱིན་མེད
ཡང་དང་བསྐྱར་དུ་བརྔོས་རྗེས་སུ
རྣ་ཡས་འོན་པ་ཅན
མིག་ཡས་ཞ་ར་ཅན
རྐང་ཡས་ཞ་བོ་ཅན་ཏག་ཏག་ཐོན
ཁོ་ཚོས་འོད་ཟེར་ལ་བལྟས་ཏེ་མུན་ནག་རེད་ཟེར
ཁོ་ཚོས་མུན་ནག་ལ་བལྟས་ཏེ་འོད་ཟེར་རེད་ཟེར
ཁོ་ཚོས་དབང་བོ་སྣ་ལྔ་གསལ་བའི་མི་དག་ཀྱང
ཡང་བསྐྱར ཟངས་རྒན་ཁ་ལེབ་མེད་པ་དེའི་ནང་དུ་འཕངས
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1