སུ་ལའང་མ་བཤད།
ཐོག (ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
སུ་ལའང་མ་བཤད།
ཐོག (ཟི་ལིང)
བཙལ་བཙལ་བའི་མཐའ་མར
རང་ཉིད་ཀྱི་ལག་ཟུང་ཁོ་ན་སྟོང་བར་ལུས་འདུག
སྲང་ལམ་ཞིག་ཏུ་ཁེར་བུར་བགྲོད་དུས
ངས་བདེ་སྐྱིད་དང་མཛེས་སྡུག་གླེང་མི་འོས
དེ་ནི་སུས་ཀྱང་ཤེས་ཐབས་བྲལ
སྙིང་ཉེ ང་དངོས་གནས་ཁྱོད་ལ་དགའ་ཨང
མེ་ཏོག་དང་ཆུ་བོ
མདུན་ཕྱོགས་ན་མཉམ་དུ་བཞུར
ལོ་ཟླ་སིལ་བུར་གཅོག་མཁན་དེ
ལམ་སྲུང་བའི་ཟིན་ཐོའི་ངོས་སུ་འབྱར་བས
འཆི་བདག་གི་གཡབ་མོ་ལྟ་བུའི་འཛུམ་མདངས་ཀྱིས
འཇིག་རྟེན་གྱི་མི་དག་རྩེད་ཆས་སུ་བྱེད
སེམས་པས་ཟིན་ཐབས་མེད་པ་ནི
རྒྱང་རིང་དང་འབྲེལ་བའི་ལམ་གྱི་རྨི་ལམ་མཐའ་དག་གོ
༢༠༡༤.༡༠.༡༥ཉིན་ཟི་ལིང་དུ།