དྲན་པས་ཟིན་པའི་མཚོ་སྨད།
冬ག་སོན་ནོར་སངས། (ལྷོ་ཁ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
དྲན་པས་ཟིན་པའི་མཚོ་སྨད།
冬ག་སོན་ནོར་སངས། (ལྷོ་ཁ)
ང་མཚོ་སྨད་ལ་ཡོང་གིན་ཡོད
ལམ་བར་གྱི་ངལ་དུབ་རེ་ཞིག་བསྐྱུར་ནས
དུངས་ཞེན་སྒྱེ་མོ་གང་འཁུར་ཏེ
བློ་སེམས་ནང་དུ་འགུགས་ཀྱིན
མཚོ་སྨད་དུ་ཡོང་གིན་ཡོད
རླུང་དར་ཁྲ་ཁྲས་བརྒྱན་པའི་ལུ་གུ་ལ་དྲན་གྱིན
བློ་རྒྱ་ནམ་མཁའ་ལས་ཡངས་པའི་གྲི་གུ་རྩྭ་ཐང་བསམ་གྱིན
དྭངས་ར་གཡུ་མཚོའི་ངང་རྒྱུད་ལ་སྨོན་པ་འཆོར་གྱིན
མཚོ་སྨད་དུ་ཡོང་གིན་ཡོད
ཁ་ལེབ་ལ་མོར་མཛེས་སྡུག་ཅིག་མི་འདུག
རི་བོ་དག་གི་དབུ་སྐྲ་གར་སོང་དུ་མེད་ཀྱང
གཏམ་རྒྱུད་ཅིག་གི་འབྱུང་ཁུངས་འཚོལ་གྱིན
མཚོ་སྨད་དུ་ཡོང་གིན་ཡོད
འོད་སྣང་གིས་བཀྱེད་པའི་སྨྲ་བོ་ལྕོག་དགོན་དེ་བརྗིད་ཆགས་སེ
ཉང་རལ་པ་ཅན་གྱི་མཛད་རྗེས་དེ་དྲན་ལྷང་ལྷང
རིགས་གསུམ་མགོན་པོའི་བྱིན་རླབས་ལ་རྩེ་གཅིག་ཏུ་དད་ཀྱིན
མཚོ་སྨད་དུ་ཡོང་གིན་ཡོད
གཏམ་ལྷ་སྤུན་དགུའི་ལྷ་སྒྲུང་དེར་ཉན་གྱིན
གཏམ་ཤུལ་དང་གཏམ་ཞོལ་ཞེས་པའི་དག་ཆ་དེ་འདྲི་ཡིན
ཐ་སྙད་གཉིས་ཀྱི་བར་དུ་ལུས་པའི་ཡུལ་ལུང
མཚོ་སྨད་དུ་ཡོང་གིན་ཡོད
མཚོ་སྨད་རྫོང་སློབ་འབྲིང་དུ་བྲིས།