ཁང་བ་འདིའི་ནང་ནས།
གཟི། (མཛོད་དགེ)
ཁང་བ་འདིའི་ནང་ནས
ཁྱོད་ཀྱི་རྣ་བར་ཐིགས་པའི་སྒྲ་དག་གཟུགས་སུ་གྲུབ
ཕྱི་རོལ་གྱི་ཆར་རླུང་ཡོད་དགུ་གཡོ་ཞིང་སྐྱོམ
ཁང་བ་འདིའི་ནང་ནས
རྒྱང་རིང་གི་དུས་ཚོད་དང་ལྕེབས་ཐག་ཟད་ཅིང་རུལ
ཁྱོད་ཀྱི་ཞེན་ཆགས་དང་ངལ་དུབ་འཁྲིས་སུ་འཐོར
ཁང་བ་འདིའི་ནང་ནས
མེ་ལྕེ་ནི་གྲང་ངར་གྱིས་བརྔུབ་འགྲོ་བ་བཞིན
ཁྱོད་ཀྱང་མི་ཚོགས་ཀྱི་གཡང་གཟར་དུ་ལྷུང
ནམ་མཁའ་ཇི་ལྟར་ཁྱོན་ཆེ་ཡང
ཁྱོད་ཀྱིས་ཉེ་འཁོར་མཐོང་མི་སྲིད