ཚོར་བའི་རླུང་ལྷ།

འདམ་འཇིལ་ལི།(མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


  ཚོར་བའི་རླུང་ལྷ།

                                     འདམ་འཇིལ་ལི།(མཚོ་ནུབ)

བཤད་ནས་ཚར་རྒྱུ་མེད་པ་དེ

རླུང་ལ་བསྐུར

བསྒུགས་ནས་ཐོན་རྒྱུ་མེད་པ་དེ

འོད་དུ་བཏགས

ཉན་ནས་གོ་རྒྱུ་མེད་པ་དེ

རྣ་ལ་བརྫངས

སེམས་པ་དམར་རྗེན་མ་རྐྱང་རྐྱང

མཁོ་དགུའི་དོང་ལ་འཕངས

 

ཆགས་སྡང་གིས་ཡང་ཡང་བཏུམས་པའི་ནང་སེམས་དེ

རླུང་གིས་བཤིག

སིལ་བུར་གཏུབས་པའི་སེམས་པ་ཧྲལ་པོ་དག

རླུང་གིས་ཁུར

རྣམ་དག་གི་ཕུགས་བསམ་ཞེས་པ་དེ་ལ

རླུང་གིས་ང་རོ་སྦྱར

 

སེམས་ཚོར་གྱིས་སྤྲུགས་པའི་རྣམ་ཤེས་དེ

རླུང་གི་སྲོག་ཏུ་ཞུགས

ལོ་ཟླ་ཡི་གསེབ་ཏུ་གཡེང་བའི་སེམས་པ་དེར

རླུང་གི་གཤོག་པ་སྤྲད

ལོ་རྒྱུས་ཀྱི་ཕུགས་སུ་ཡིབ་པའི་གཏམ་རྒྱུད་དེ

རླུང་ལྷའི་རྣ་ལམ་དུ་འུར་འུར་བསྒྲགས  སིང་སིང་གྱེར

 

རླུང་བར་མེད་དུ་གཡུགས་ཏེ་མེ་ལྕེ་དགུང་ལ་གཏད

སྲིད་གསུམ་བསྒྱུར་བའི་སྤོབས་པའི་མེ་དཔུང་དམར་པོ་དེ་ཡང

བར་སྣང་ཁམས་ནས་རླུང་ལྷས་བདག་ཏུ་བཟུང

 

                                                     2017.5.28ལ་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1