རྨི་ལམ་གྱི་རི་མོ་གས་ཚུལ།
གངས་མུ་ཏིག(ཀན་ལྷོ)
སྟོང་བསམ་གྱི་ཕོ་བྲང་ནས་ནམ་ཡང་བོར་མ་མྱོང་བའི་ཅ་ལག་དང་ངོ་གདོང
དབྱིབས་དང་ཁ་དོག་མི་འདྲ་བའི་ཐ་སྙད་ཀྱི་རྫ་བུམ་ཆེ་ཆུང་དུ་མར་གྱུར
རྫ་བུམ་རེ་རེ་ལས་མཛེས་སྡུག་མཚོན་བྱེད་ཀྱི་མེ་ཏོག་རེ་རེ་འཁྲུངས
ལོ་ཟླ་དུ་མ་ཞིག་རྒྱང་དུ་ཕྱིན་རྗེས
རྫ་བུམ་ལ་གོད་ཆག་བྱུང་སྟེ་འཐོར་ཞིག་ཏུ་སོང་ནའང
མིང་གདགས་སུ་མི་རུང་བའི་མེ་ཏོག་དེ་དག
ཁེར་ཚུགས་ཀྱིས་རང་རང་གི་མཛེས་པ་ངོམ་སྟེ་ཡོད
འདབ་མ་ལྷབ་ལྷུབ དྲི་བསུང་འཐུལ་འཐུལ
ངས མེ་ཏོག་འདི་དག་བར་སྣང་གི་རྒྱུ་སྐར་རེ་རེའི་སྐེ་ལ་འདོགས་འདོད་དོ