2017ལོའི་རྔ་བའི་དབུལ་ཐར་བགྲོད་ལམ་གྱི་ལེའུ་གསར་པ།
བདེ་མཆོག་སྐྱིད་དང་ཚེ་རིང་དབང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-11
ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་འོས་འགན་ལྕི་བའི་གྲོང་ཁྱེར་དང་ཁུལ་ལ་མཚོན་ན། དབུལ་ཕོངས་མང་བ་དང་། དབུལ་ཕོངས་གཏིང་ཟབ་པ་ནི་རྔ་བ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་དང་རོང་འབྲོག་མང་ཚོགས་འབུམ་དགུ་ལྷག་གི་ཁ་གཏད་ཀྱི་དངོས་ཡོད་གནད་དོན་རེད། དམངས་ཕན་ལས་གཞི་འདི་སྐུལ་འདེད་གཏོང་བའི་ཐད་ལ། རང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ནས་ནུས་ཤུགས་བཏོན་ཡོད་པར་མ་ཟད། སྡོད་ཁང་བཟང་བོ་དང་། འཚོ་བ་སྐྱིད་པོ། གོམས་གཤིས་ལེགས་པོ། དར་སྲོལ་བཟང་བོ་བཅས་ཀྱི་བཟང་བོ་བཞིའི་འབད་བརྩོན་དམིགས་འབེན་བཏོན་ཡོད། ཁུལ་ཡོངས་ཀྱི་དབུལ་བྲལ་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱས་ནས།གནད་འཕིགས་དབུལ་བྲལ་གྱི་བགྲོད་ལམ་རིམ་བཞིན་འཐུས་སྒོ་ཆ་ཚང་དུ་བཏང་ཡོད། དབུལ་ཕོངས་མེད་པར་བཟོ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཉམ་འགྲོས་བྱེད་པར་དཀའ་སྡུག་གང་མང་མྱོང་ཡོད།
2017ལོ་ནི་རང་ཁུལ་དབུལ་བྲལ་མཁྲེགས་གཏོར་གྱི་གནད་འགག་རྣམ་པར་རྒྱལ་བའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་དབུལ་བྲལ་མཁྲེགས་གཏོར་ལག་ལེན་ཟབ་མོ་བྱས་ནས། བྱ་བ་ནན་སྒྲུབ་དང་ཁྱིམ་ཚང་རེ་རེ་བཞིན་དུ་ཟབ་ཞུགས་བྱེད་པའི་མང་ཚོགས་ལས་ཀའི་ཐབས་ལམ་བཏོན། ཆར་ཞོད་བྲུག་ཆུའི་གནོད་འཚེ་དང་། ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་མའོ་རྫོང་དུ་རི་ཉུལ་བྱུང་བ་དང་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གཟི་རྩ་སྡེ་དགུ་རུ་ཐིག་ཚེག་བདུན་གྱི་ས་འགུལ་བྱུང་བ་སོགས་ཀྱི་ཤུགས་རྐྱེན་ངན་པ་སོགས་ལ་དུས་གཏན་དུ་བཟོད་སྒོམ་བྱས་ནས། ཡིད་ཆེས་བརྟན་པོ་དང་། གསར་གཏོད་འཚོལ་ཞིབ་སོགས་བྱས་ཏེ། 2017ལོའི་ལོ་མཇུག་ལ་རིགས་སོ་སོའི་དབུལ་སྐྱོར་ཆེད་དམིགས་རྣམ་གྲངས་ཉེར་གཉིས་ལ་མ་དངུལ་སྒོར་དུང་ཕྱུར་ང་ལྔ་དང་ཕྱེ་བ་བཞི་ས་ཡ་དྲུག་བཏང་ཡོད། མ་མཐའི་དབུལ་སྐྱོར་དང་སྐྱེས་ཁམས་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། སྐྱོན་བྲལ་དབུལ་སྐྱོར་སོགས་ཀྱི་དབུལ་སྐྱོར་ལས་གཞི་ཆེན་མོ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། དབུལ་བྲལ་མཁྲེགས་གཏོར་རྣམ་པར་རྒྱལ་བར་ཡོང་ཆེད།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་གོམ་པ་མཉམ་འགྲོས་ངང་བསྐྱོད་པར་རྨང་གཞི་བརྟན་པོ་བཏིངས།
ཉིས་སྟོང་བཅུ་བདུན་གྱི་ལོ་མཇུག་ཏུ་རྔ་བ་ཁུལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལྔ་སྟོང་སུམ་བརྒྱ་སོ་གཉིས་དང་། མི་གྲངས་ཁྲི་གསུམ་དང་གཉིས། སྡེ་བ་དབུལ་བོ་ཉིས་བརྒྱ་དང་ཞེ་གཅིག་བཅས་ཇེ་ཉུང་དུ་གཏོང་ངེས་ཤིང་། དབུལ་ཕོངས་ཀྱི་ཉུང་ཚད་བརྒྱ་ཆ་བཞི་དང་ལྔ་གསུམ་དང་། སྔོན་དང་བསྡུར་ན་བརྒྱ་ཆ་གཉིས་དང་དྲུག་བདུན་ཇེ་ཉུང་དུ་བཏང་ཡོད་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1