༄༅།། ནྱ་གྲོ་དྷ།

ལྷ་རྩེའི་ཁུ་བྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-11


        ནམ་རྒྱུན་སྙན་ངག་ནང་ནས་ནྱ་གྲོ་དྷའི་ལྗོན་པ་གྲགས་པ་ནི་འདིའོ།། བོད་སྐད་དུ་རྐང་མང་གྲགས་དང་།    ཆུ་ཞེང་གབ་པ་དང། དཔང་མཉམ་བཅས་ཟེར། སྙན་ངག་ནང་ནས་སངས་རྒྱས་སྐུའི་དཔེ་རུ་འདྲེན་པ་མང་།  
        འདིའི་ས་བོན་ཡུངས་དཀར་གྱི་བཞི་ཆ་ཙམ་ཡིན་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཅན་དུ་ཁྱབ་པར་སྐྱེ་བ། མཐོ་དམན་ཚད་མཉམ་པ་བཅས་འཕེལ་སྟོབས་ཧ་ཅང་ཆེ་བའི་ཤིང་ཞིག་གོ །
ཀརྨ་ཚེ་དབང་དཔལ་འབར་གྱིས།
རང་བཞིན་བརྗོད་པའི་རྒྱན་ལ།
སྣུམ་ཞིང་འཇམ་པའི་འདབ་ལྡན་ཡལ་ག་དག །
ཕྱོགས་མཚམས་སྟེང་དུ་ཆུ་ཞེང་ཚད་མཉམ་པ། །
གྲིབ་མ་བསིལ་བ་ཁྱོན་ཆེ་ནྱ་གྲོ་དྷའི། །
ལྗོན་ཤིང་ཚོགས་རྣམས་ཡ་མཚན་ཅན་དུ་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1