༄༅།། བཟའ་ཚང་གི་བུ་ལོན་རྩོད་གཞི་དང་འབྲེལ་བའི་གྱོད་དོན་ཐག་གཅོད་བྱེད་ཚུལ།
རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-22
(2018ལོའི་ཟླ་1ཚེས་8ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་།)བཟའ་ཚང་གི་བུ་ལོན་རྩོད་གཞི་དང་འབྲེལ་བའི་གྱོད་དོན་འདྲི་གཅོད་ཡང་དག་བྱས་ཤིང་།ཕྱོགས་སོ་སོའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་འདྲ་མཉམ་ཡོང་ཕྱིར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《གན་རྒྱའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《དམངས་དོན་གཏུག་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་ཀྱི་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ནས་འགྲེལ་བཤད་འདི་ཉིད་བཟོས་པ་ཡིན།
དོན་ཚན་དང་པོ། ཁྱོ་ཤུག་གཉིས་ཀས་མིང་རྟགས་བཀོད་པའམ་ཡང་ན་ཁྱོ་ཤུག་ཕྱོགས་གཅིག་གིས་རྗེས་སུ་ཁས་བླངས་པ་སོགས་འདོད་ཚུལ་གཅིག་མཚུངས་སོང་བའི་བུ་ལོན་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཡིན་པར་ངོས་འཛིན་བྱ་རྒྱུ།
དོན་ཚན་གཉིས་པ། ཁྱོ་ཤུག་གང་རུང་ཞིག་གིས་གཉེན་སྒྲིག་འབྲེལ་བ་གནས་ཡུན་རིང་། ཁྱིམ་ཚང་གི་འཚོ་བའི་ཉེར་མཁོ་བསྒྲུབ་ཕྱིར་མི་སྒེར་གྱི་མིང་ཐོག་ནས་བུ་ལོན་བླངས་ཤིང་།བུན་དབང་ཅན་གྱིས་ཁྱོ་ཤུག་ཐུན་མོང་གི་བུན་འགན་དུ་བརྩིས་རིགས། མི་དམངས་ཁྲིམས་ཁང་ནས་རྒྱབ་སྐྱོར་བྱ་དགོས།
དོན་ཚན་གསུམ་པ། ཁྱོ་ཤུག་གང་རུང་ཞིག་གིས་གཉེན་སྒྲིག་འབྲེལ་བ་གནས་ཡུན་རིང་། ཁྱིམ་ཚང་གི་འཚོ་བའི་དགོས་མཁོ་ལས་བརྒལ་བ་བསྒྲུབ་ཕྱིར་མི་སྒེར་གྱི་མིང་ཐོག་ནས་བུ་ལོན་བླངས་ཤིང་། བུན་དབང་ཅན་གྱིས་ཁྱོ་ཤུག་ཐུན་མོང་གི་བུན་འགན་དུ་བརྩིས་རིགས། མི་དམངས་ཁྲིམས་ཁང་ནས་རྒྱབ་སྐྱོར་བྱ་མི་འོས། འོན་ཀྱང་བུན་དབང་ཅན་གྱིས་བུ་ལོན་དེ་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་། ཐུན་མོང་གི་ཐོན་སྐྱེད་གཉེར་སྐྱོང་ངམ་ཡང་ན་ཁྱོ་ཤུག་ཕྱོགས་གཉིས་ཀའི་འདོད་མོས་ལྟར་བེད་སྤྱོད་བྱས་པར་ར་སྤྲོད་བྱེད་ཐུབ་རིགས་འདི་ཁོངས་སུ་ཚུད་མེད།
དོན་ཚན་བཞི་པ།འགྲེལ་བཤད་འདི་༢༠༡༨ལོའི་ཟླ་༡ཚེས་༡༨ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
འགྲེལ་བཤད་འདི་ལག་བསྟར་བྱས་རྗེས། འགྲེལ་བཤད་འདི་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དེ་སྔའི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་གཉིས་མི་མཐུན་པ་བྱུང་རིགས།འགྲེལ་བཤད་འདི་ཉིད་ཚད་མར་འཛིན་རྒྱུ།
(ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ལས་བཤུས། )
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1