ཁྱི་ནི་རང་བྱུང་ཁམས་ཀྱི་སྐྱོ་གླུ་ཞིག་མེ་ལ་འབར་བ་དང་མཚུངས
ཆར་སྨག་ནང་དུ་ག་ལེར་འཕུར་བའི་བྱེའུ་ཞིག་གིས་རང་སྲོག་བཅད་པ་དང་འདྲ
ཁྱི་ནི་སྙན་ངག་ཡག་པོ་ཞིག་གི་ཞལ་ཕྱེ་བ་དང
ང་རང་གཅིག་པུའི་ཞོགས་པ་དང་ས་སྲོད་བར་གྱི་སྐྱོ་གདུང་ལའང་ཤིན་ཏུ་འདྲ
ཁྱི་ནི་གཟུགས་མེད་པའི་གྲིབ་མ་ལ་བལྟས་ནས་ངུ་མཁན་ཞིག་དང
འོད་ཟེར་དང་མུན་པ་ལྷན་གཅིག་ཏུ་བསྡུ་མཁན་དེ་ཡིན
ཁྱི་ནི་མ་འོངས་པ་མཚོན་བྱེད་དེ་རེད
སྐར་མའི་སྟེང་གི་སྤུ་ཉག་ཅིག་སྒྲོན་བྱེད་དེ་རེད
ཁྱི་ནི་ང་ཁོ་ནས་མུན་ནང་གི་དར་ལྕོག་ཡིན
ཁྱི་ནི་ཟླ་འོད་ལས་ཀྱང་གསལ་བའི་མཚན་མེ་ཞིག་དང་འདྲ
ཁྱི་ནི་རང་སྲོག་བཅད་མ་ཐག་པའི་སྙན་ངག་པ་ཞིག་དང་འདྲ